2025ལོའི་མཐོ་རྒྱུགས་སྤྲོད་པའི་དུས་ཚོད་གཏན་འཁེལ་བྱས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-20   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚགས་པར།

ཉེ་སྔོན། སློབ་གསོ་པུའུ་ཡིས《2025ལོའི་མཐོ་རིམ་སློབ་གྲྭ་ཕལ་བའི་སློབ་བསྡུ་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་ཐོདཔར་འགྲེམ་བྱས་ཏེ། 2025ལོའི་མཐོ་རིམ་སློབ་གྲྭ་ཕལ་བའི་སློབ་བསྡུ་བྱ་བ་བཀོད་སྒྲིག་བྱས། བརྡ་ཐོལྟར་ན། 2025ལོའི་མཐོ་རྒྱུགས་ལས་རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུགས་སྤྲོད་པའི་དུས་ཚོད་ནི་ཟླ6པའི་ཚེས7དང8ཉིན་བར་ཡིན།
རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུགས་སྤྲོད་པ་དེ་ཟླ6པའི་ཚེས7ཉིན་ནས་འགོ་རྩོམ་པ་དང་། བྱེ་བྲག་གི་རྒྱུགས་སྤྲོད་པའི་དུས་ཚོད་ནི་ཟླ6པའི་ཚེས7ཉིན་གྱི་ཆུ་ཚོད9:00ནས11:30བར་སྐད་ཡིག་དང་། ཆུ་ཚོད15:00ནས་ཆུ་ཚོད17:00བར་རྩིས་རིག ཟླ6པའི་ཚེས8ཉིན་གྱི་ཆུ་ཚོད་9:00ནས་ཆུ་ཚོད11:30བར་ཕྱོགས་བསྡུས་རིག་ཚན་དང་ཕྱོགས་བསྡུས་རྩིས་ཚན། ཆུ་ཚོད15:00ནས17:00བར་ཕྱི་ཡིག་བཅས་བཀོད་སྒྲིག་བྱས་ཡོད་ལ། ཕྱི་སྐད་ཀྱི་ཉན་ནུས་ཚད་ལེན་ནང་དོན་ཡོད་ཚེ་སྤྱིར་བཏང་དུ་ཕྱི་ཡིག་ཡིག་རྒྱུགས་སྤྲོད་པའི་སྔོན་ལ་བཀོད་སྒྲིག་བྱེད་དགོས། 
ཞིང་ཆེན་ཁགས་ཁུལ་དང་གྲོང་ཁྱེརགི་རྒྱུགས་སྤྲོད་པའི་བསླབ་ཚན་གྱི་མིང་དང་རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུགས་སྤྲོད་པའི་བསླབ་ཚན་གྱི་མིང་གཅིག་མཚུངས་ཡིན་ན་ངེས་པར་དུ་རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུགས་སྤྲོད་པའི་དུས་ཚོད་བཀོད་སྒྲིག་དང་གཅིག་མཐུན་ཡོང་དགོས། 
ཞིང་ཆེན་རིམ་པའི་གཅིག་གྱུར་གྱི་རྒྱུགས་སྤྲོད་པ་དང་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་རྒྱུགས་སྤྲོད་པའི་དུས་ཚོད་དེ་སོ་སོར་ཞིང་ཆེན་རིམ་པའི་སློབ་བསྡུ་ཨུ་ཡོན་ལྷན་ཁང་ཁག་དང་མཐོ་རིམ་སློབ་གྲྭས་སློབ་གསོ་པུའུ་ཡི་འབྲེལ་ཡོད་བླང་བྱ་ལྟར་གཏན་འཁེལ་དང་ཁྱབ་སྒྲོག་བྱེད་དགོས།