རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-20   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་20ཉིན་གྱི་སྔ་དྲོར། ཁུལ་སྐབས་བཅུ་བཞི་པའི་མི་དམངས་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ(རྒྱས་འཛོམས)སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ།
ཁུལ་ཨུའི་ཧྲུུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གྲོས་ཚོགས་སུ་ཞུགས་པ་དང་གསུང་བཤད་གནང་བ།
གྲོས་ཚོགས་ཐོག་ཞིང་ཆེན་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཁུལ་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས།
གྲོས་ཚོགས་ཐོག་ཁུལ་ཚོགས་ཆེན་གཉིས་ནས་གྲོས་ཞིབ་དང་ཞིབ་དཔྱད་ཆོག་མཆན་ཐོབ་པའི་སྲིད་གཞུང་ལས་དོན་གྱི་སྙན་སེང་དང་ཡིག་ཆ་གཞན་དག་ནི་སྲིད་གཞུང་གིས་ཁུལ་ཡོངས་མི་རིགས་ཁག་གི་མང་ཚོགས་ལ་གནང་བའི་བརྗིད་ཉམས་ལྡན་པའི་དམ་བཅའ་ཡིན།སྙན་སེང་ཐོག་གཏན་འཁེལ་བྱས་པའི་ལས་དོན་ལས་འགན་ལག་བསྟར་དང་ལེགས་གྲུབ་བྱུང་བ་ནི་ང་ཚོའི་ཁྲིམས་བཀོད་ལས་འགན་ཡིན། ཁུལ་ཡོངས་རིམ་ཁག་སྡེ་ཚན་སོ་སོས་སྲིད་གཞུང་ལས་དོན་སྙན་སེང་གི་ལས་འགན་དབྱེ་ཕྲལ་ལག་བསྟར་བྱེད་དགོས་པ་དང་དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང་“གཏན་འཁེལ་གཉིས”ལ་བརྩི་བཀུར་དང་“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ཐོག་དོན་དངོས་གཉེར་བའི་བྱ་སྤྱོད་ཀྱིས་བདེ་ཆེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།དུས་ཚིགས་དང་པོའི་འགོ་ཡག་པོ་རྩོམ་དགོས། འགན་འཁྲི་འཁུར་ཕོད་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། གྲོན་ཆུང་ནན་ཏན་གྱི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས། དམ་པ་དོན་གཉེར་དང་སྤྱོད་གཙང་གི་གཟུགས་བརྙན་ཡག་པོ་འཛུགས་དགོས། སྟོབས་ཤུགས་གང་ཡོད་ཀྱིས་མི་དམངས་ཀྱི་ཡིད་དུ་འོང་བའི་ཁྲིམས་སྐྱོང་སྲིད་གཞུང་དང་། སྤྱོད་གཙང་སྲིད་གཞུང་། གསར་གཏོད་རྣམ་པའི་སྲིད་གཞུང་། ཞབས་འདེགས་རྣམ་པའི་སྲིད་གཞུང་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་བླང་བྱ་བཏོན།
ཁུལ་ཨུའི་རྒྱུན་ཨུ།རྒྱུན་ལས་ཁུལ་དཔོན་གཞོན་པ་དབྱང་ཞུའེ་ཝུན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་། ཁུལ་སྲིད་གཞུང་གི་འགོ་ཁྲིད་ཧུའུ་ཧྥེན་ཞུང་། ཡུས་ཀུའེ་ཧྥེན། ཞུས་ཀོང་ཏེ། ལིན་ཧའོ། ལི་ཐའོ། པའོ་ཡུས་ཏུང་། ཧོང་ལུང་ཤིན། ཀྲོང་ཞའོ་ཕིང་བཅས་གྲོས་ཚོགས་སུ་ཞུགས།
ཁུལ་ཐད་གཏོགས་སྡེ་ཁག་སོ་སོ་དང་རྫོང་(གྲོང་ཁྱེར)གསུམ།སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ། ཞིང་གཏོགས་ཁུལ་དུ་བཅའ་སྡོད་བྱེད་པའི་ལས་ཁུངས་ཀྱི་འགན་འཁུར་བ་གྲོས་ཚོགས་སུ་ཞུགས།