​ཁུལ་སྐབས་བཅུ་བཞི་པའི་མི་དམངས་སྲིད་གཞུང་གི་སྲིད་གཙང་ལས་ཀའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-20   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་20ཉིན། ཁུལ་སྐབས་བཅུ་བཞི་པའི་མི་དམངས་སྲིད་གཞུང་གི་སྲིད་གཙང་ལས་ཀའི་གྲོས་ཚོགས་ཐེངས་བཞི་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ། གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གི་གལ་ཆེའི་གསུང་བཤད་དགོངས་དོན་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་བྱེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་ལས་ཀའི་གྲོས་ཚོགས་དང་ཞིང་ཆེན་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས། ཞིང་ཆེན་སྲིད་གཞུང་གི་སྲིད་གཙང་ལས་ཀའི་གྲོས་ཚོགས་བཅས་ཀྱི་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་བྱེད། ཁུལ་སྒྲིག་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བླང་བྱ་ལྟར་བློ་བརྟན་འགྱུར་མེད་ཀྱིས་ཁུལ་ཡོངས་སྲིད་གྲོས་མ་ལག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གྲོས་ཚོགས་སུ་ཞུགས་པ་དང་གསུང་བཤད་གནང་།

    གྲོས་ཚོགས་ཐོག་རང་ཁུལ་ལ་འཕྲད་པའི་གནས་བབ་གཏིང་ཟབ་ཀྱིས་ངོས་འཛིན་བྱེད་དེ།སྲིད་གཙང་ལས་ཀ་ཡག་པོ་སྒྲུབ་པའི་མཁོ་གནད་ཆེ་བའི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་མཐོ་རུ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་རྒྱུན་འཁྱོངས་བྱེད་ནས་སྟོབས་ཤུགས་གང་ཡོད་ཀྱིས་སྲིད་གཙང་སྲིད་གཞུང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

    གྲོས་ཚོགས་ཐོག་སྲིད་གཞུང་མ་ལག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ནི་དུས་རིང་གི་ལས་འགན་ཞིག་ཡིན་པ་དང་གནད་ཆེའི་ཆབ་སྲིད་ལས་འགན་ཞིག་ཀྱང་ཡིན། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། ཞིང་ཨུའི་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་དང་ཞིང་ཆེན་སྒྲིག་ཨུ་ལྟ་ཨུའི་ཆབ་སྲིད་སྣང་ཚུལ་གྱི་སྒྲིག་བཤེར་ལྟ་ཞིབ་གྲོས་གཞིའི་དག་བཅོས་ལས་ཀ་མཐའ་གཅིག་ཏུ་ལེགས་སྒྲུབ་བྱུང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་ལས་འགན་དོན་འཁྱོལ་དང་ཏང་གི་ཆབ་སྲིད་འཛུགས་སྐྲུན་ཤུགས་ཆེར་གཏོང་དགོས། གནད་ཆེའི་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ཤུགས་ཆེར་བཏང་ནས་སྲོལ་བཟང་སྤྱོད་བཟང་གི་ལས་སྒྲུབ་ཁོར་ཡུག་ཅིག་འཛུགས་དགོས། ལྟ་སྐུལ་མཉམ་ཤུགས་མཐའ་གཅིག་ཏུ་གྱུར་ནས་དབང་ཆ་ཕྱི་གསལ་ནང་གསལ་ངང་སྤྱོད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

    གྲོས་ཚོགས་ཐོག་རིམ་ཁག་སྡེ་ཚན་སོ་སོས་དོན་དངོས་སྒྲུབ་པ་དང་དངོས་ཕན་དོན་གཉེར་བྱས་ནས་སྲིད་གཞུང་གི་ལས་ཀ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་གྱུར་བྱུང་བར་འབད་བརྩོན་གྱིས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

    ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་དབྱང་ཞུའེ་ཝུན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་། ཁུལ་སྲིད་གཞུང་གི་འགོ་ཁྲིད་ཧུའུ་ཧྥེན་ཞུང་། ཡུས་ཀུའེ་ཧྥེན། ཞུས་ཀོང་ཏེ། ལིན་ཧའོ། ལི་ཐའོ། པའོ་ཡུས་ཏུང་། ཧོང་ལུང་ཤིན། ཀྲོང་ཞའོ་ཕིང་བཅས་གྲོས་ཚོགས་སུ་ཞུགས། ཁུལ་སྒྲིག་ཨུ་ལྟ་ཨུའི་འབྲེལ་ཡོད་འགན་འཁུར་བ་གྲོས་ཚོགས་སུ་ཕེབས་ནས་མཛུབ་ཁྲིད་བྱས།

    གྲོས་ཚོགས་ཐོག་ཁུལ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན། ཁུལ་ནོར་སྲིད་ཅུས་ཀྱི་འགན་འཁུར་བས་ཡིག་ཐོག་སྤེལ་རེས་བྱས། ཁུལ་འགྲིམ་འགྲུལ་ཅུས་དང་ཁུལ་བཟོ་ལས་ཆ་འཕྲིན་ཅུས་ཀྱི་འགན་འཁུར་བས་ཡིག་ཐོག་རྣམ་འགྱུར་བསྟན་པ།

    ཁུལ་ཐད་གཏོགས་སྡེ་ཚན་ཁག་དང་ཞིང་གཏོགས་ཁུལ་དུ་བཅའ་སྡོད་བྱེད་པའི་ལས་ཁུངས་ཀྱི་འགན་འཁུར་བ་གྲོས་ཚོགས་སུ་ཞུགས།

    གྲོས་ཚོགས་བརྙན་ལམ་གྱི་རྣམ་པ་སྒོ་ནས་རྫོང་(གྲོང་ཁྱེར)གསུམ་དང་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་དུ་འཚོགས།