བརྗིད་ཆགས་མཛེས་སྡུག་ལྡན་པའི་དགའ་ལྡན་སུམ་རྩེན་གླིང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        

    ཉེ་སྔོན་བདེ་ཆེན་སེམས་ཀྱི་ཉི་ཟླར་བསྟུད་མར་ཁ་བ་བབས་ཤིང་། ནམ་ཟླ་ཡང་སྔར་ལས་ཇེ་འཁྱག་ཏུ་སོང་། འོན་ཀྱང་སེམས་ཀྱི་ཉི་ཟླའི་ཁ་བའི་མཛེས་ལྗོངས་ལ་དམིགས་བསལ་གྱི་ཁྱོད་ཆོས་ཤིག་ལྡན་ཏེ། ཡུལ་སྐོར་བ་མང་བོའི་མིག་དབང་འཕྲོག་པ་རེད།   ལྷག་པར་དུ་དངུལ་དཀར་གྱི་ཁ་བའི་ཁྲོད་ཀྱི་དགའ་ལྡན་སུམ་རྩེན་གླིང་ནི་སྔར་ལས་བརྗིད་ཆགས་མཛེས་སྡུག་ལྡན་པ་ཞིག་ཏུ་སྣང་།