སེམས་ཀྱི་ཉི་ཟླའི་ས་མཐོའི་འབྲོག་རིའི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བདེ་ཆེན་ནི་རྫ་རི་དང་སྤང་རི་ནགས་རི་སོགས་ཀྱི་ས་དབྱིབས་ས་སྣ་མང་ཡོད་ལ།  གཅན་གཟན་རི་དྭགས་དང་རྩི་ཤིང་སྨན་སྣའི་སྐྱེ་ཁམས་ཕུན་སུམ་ཚོགས་པའི་གནས་ཡུལ་ཁྱད་པར་ཅན་ཡིན་ཡིན་པ་རེད། ལྷག་པར་དུ་སྤང་རི་ནི་ཡུལ་འདིའི་མཛེས་ལྗོངས་གཙོ་བོ་ཡིན་པ་རེད། 
    བསིལ་རླུང་འཇམ་པོ་མཐོ་སྒང་གི་འབྲོག་ར་འདིར་ལན་རེར་ལྡང་དུས་སུ་རྩྭ་དང་རྩི་ཤིང་གི་མགོ་ལྩོག་ལྡེམ་ལྡེམ་གཡོ་ལ། མེ་ཏོག་གི་དྲི་བསུང་ཕྱོགས་འཁྱེར་ཡོང་།  གསེར་མདོག་ཉི་འོད་དང་དག་གཙང་གི་མཁའ་དབྱིངས་ན་དལ་གྱིས་རྒྱུ་པའི་སྤྲིན་དཀར་གྱི་ཕུང་བོ་དེ་དག དེ་མིན་ལྷང་ལྷུང་འབབ་པའི་ཆུ་ཕྲན། སོས་དལ་བག་ཕབ་ཀྱིས་རྩྭ་ཆུ་ལ་རོལ་བཞིན་པའི་རྟ་ནོར་ལུགས་གསུམ་སོགས་ནི་མཐོ་སྒང་འབྲོག་ར་འདིའི་མཛེས་ལྗོངས་ཡིན་ལ། བདེ་ཆེན་ཀྱི་སྐྱེ་ཁམས་བཟང་བོའི་སྣང་བརྙན་ཡིན་རེད།