རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཉེ་སྔོན།བདེ་ཆེན་ཁུལ་གྱི་རྫོང་གསུམ(གྲོང་ཁྱེར)བསྟུད་མར་“ཚོགས་འདུ་གཉིས་ཀྱི་དུས་ཚོད”ལ་སླེབས་པ།
ཟླ་2པའི་ཚེས་20ཉིན་དང་ཚེས་21ཉིན། སྲིད་གྲོས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཨུ་ཡོན་ལྷན་ཁང་སྐབས་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་སྔ་རྗེས་སུ་འགོ་ཚུགས་པ་རེད། ལས་རིགས་ཁག་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་མཉམ་དུ་འཛོམས་ཤིང་། ཁོང་ཚོས་མི་དམངས་ཀྱི་མངགས་བཅོལ་ཆེན་པོ་ཕྲག་ཏུ་འཁུར་བ་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་རེ་བ་བཅངས་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བསམ་འཆར་དང་ཐབས་ཇུས་བཏོན་ཡོད།
ཟླ་2པའི་ཚེས་20ཉིན་དང་ཚེས་21ཉིན་སྲིད་གྲོས་འབའ་ལུང་རྫོང་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་དང་།འབའ་ལུང་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚོགས་འདུ་ཐེངས་ལྔ་པ་སྔ་རྗེས་སུ་འགོ་ཚུགས་པ་རེད། ཚོགས་འདུའི་རིང་།འབའ་ལུང་རྫོང་གི་ལས་རིགས་ཁག་དང་། ཁྱབ་ཁོངས་ཁག རིགས་ཁོང་ཁག་བཅས་ཀྱི་མི་དམངས་འཐུས་མི་དང་། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རྫོང་ཡོངས་མི་དམངས་ཀྱི་རེ་བ་དང་མངགས་བཅོལ་ཆེན་པོ་ཕྲག་ཏུ་འཁུར་བ་དང་། མཉམ་འཛོམས་བྱས་ནས་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་ཐུན་མོང་ཐོག་གྲོས་མོལ་བྱས།
ཟླ་2པའི་ཚེས་21ཉིན་དང་ཚེས་22ཉིན། སྲིད་གྲོས་འཇོལ་རྫོང་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་དང་འཇོལ་རྫོང་སྐབས་བཅོ་ལྔ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་ལྔ་པ་སྔ་རྗེས་སུ་འགོ་ཚུགས་ཤིང་། རྫོང་ཡོངས་ཀྱི་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་མཉམ་དུ་འཛོམས་ནས་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་ཐུན་མོང་ཐོག་གྲོས་མོལ་བྱས་ཏེ་རྫོང་ཡོངས་ཀྱིས་འཆར་འགོད་དམིགས་ཚད་དང་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱ་ཆེད་བསམ་འཆར་དང་ཐབས་ཇུས་འདོན་པ་དང་འགན་འཁྲི་བསྒྲུབས་ཡོད།