རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་19ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་སྲིད་ཁྲིམས་ལས་ཀའི་ཚོགས་འདུ་འཚོགས་པ། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གཏིང་ཟབ་ཀྱིས་སློབ་སྦྱོང་བྱས། རྒྱལ་ཡོངས་དང་ཞིང་ཨུའི་སྲིད་ཁྲིམས་ལས་ཀའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས།2024ལོའི་ཁུལ་ཡོངས་ཀྱི་སྲིད་ཁྲིམས་ལས་ཀ་ཕྱོགས་བསྡུས་བྱས་པ་དང་2025ལོའི་གནད་ཆེའི་ལས་ཀའི་ལས་འགན་བཀོད་སྒྲིག་བྱས།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་བཀའ་མཆན་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཞུང་ཝེ་པིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།
ལུའོ་ཁྲའོ་ཧྥེང་གིས་བཀའ་མཆན་ཐོག་2024ལོའི་སྲིད་ཁྲིམས་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་།ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་ཀར་གནང་བའི་གལ་ཆེའི་མཛུབ་སྟོན་དགོངས་དོན་གཏིང་ཟབ་ཀྱིས་སློབ་སྦྱོང་ལག་བསྟར་བྱེད། ཀྲུང་དབྱང་དང་ཞིང་ཨུའི་སྲིད་ཁྲིམས་ལས་ཀའི་ཚོགས་འདུ།ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་བྱེད་དགོས།ཏང་གིས་སྲིད་ཁྲིམས་ལས་ཀའི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་བྱ་ཐབས་གཏིང་ཟབ་ཏུ་བྱེད་དགོས། སྤྱི་ཚོགས་བརྟན་བརླིང་སྲུང་བའི་ལས་ཀའི་ལས་འགན་ལམ་ལུགས་ནན་ཏན་གྱིས་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་གནང་།
ཚོགས་འདུའི་ཐོག་ཁུལ་ཡོངས་སྲིད་ཁྲིམས་མ་ལག་གིས་སྲིད་ཁྲིམས་ལས་ཀའི་དམིགས་བསལ་རང་བཞིན་གཏིང་ཟབ་ངོས་འཛིན་བྱེད་དགོས་པ་དང་ཏང་གིས་སྲིད་ཁྲིམས་ལས་ཀ་སྐོར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད། བདེ་ཆེན་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་དེ་བས་ལེགས་པར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་ཐོག་“འགལ་བ་དང་རྩོད་གཞི་སེལ་བ།སྤྱི་ཚོགས་བརྟན་བརླིང་སྲུང་བའི”ཆེད་དོན་བཅོས་སྐྱོང་བྱེད་དེ་སྤྱི་ཚོགས་ཡོངས་ཀྱི་བརྟན་བརླིང་སྟོབས་ཤུགས་གང་ཡོད་ཀྱིས་སྲུང་སྐྱོང་བྱེད་དགོས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་དྲ་མིག་ཅན་གྱི་ཞབས་འདེགས་དོ་དོམ་ཤུགས་ཆེ་རུ་གཏོང་བ་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ནུས་ཤུགས་དང་ཆུ་ཚད་མཐོ་རུ་གཏོང་དགོས།སྤྱི་ཚོགས་བདེ་སྲུང་གི་ཕྱོགས་བསྡུས་བཅོས་སྐྱོང་ཤུགས་ཆེ་རུ་གཏོང་བ་དང་བདེ་འཇགས་བདེ་ཆེན་གྱི་རྨང་གཞི་བརྟན་པོ་གཏོང་དགོས།སྲིད་ཁྲིམས་རུ་ཁག་གི་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས།
ཚོགས་འདུ་བརྙན་ལམ་ཐོག་རྫོང་(གྲོང་ཁྱེར)སོ་སོར་འཚོགས།