རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་བྱེད་སྒོ་སྤེལ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཤིས་ཚིག་གསུངས་པ། ལི་ཡན་ལན་དང་མིའོ་ཡིའུ་ཧྥ་སོགས་འགོ་ཁྲིད་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
ཀྲང་ཝེ་ཏུང་གིས་ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། དེ་བཞིན་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་བྱེད་སྒོར་ཞུགས་པར་ཡོང་བའི་འགོ་ཁྲིད་དང་། ཆེད་མཁས་པ། སྐུ་མགྲོན་ལྷན་རྒྱས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། ཁོང་གིས་སྐྱེ་ཁམས་ནི་བདེ་ཆེན་གྱི་རྩ་ཆེའི་རྒྱུ་ནོར་དང་། མངོན་གསལ་དོད་པའི་རྨང་གཞི། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བཅས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བདེ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མངགས་བཅོལ་བློ་ལ་བརྟན་པོར་བཞག་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། “རི་སྔོན་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན”ཞེས་པའི་འདུ་ཤེས་ལག་ལེན་བསྟར་བ་དང་། འབྱུང་འཕྲོད་གོང་འཕེལ་མ་ལག་འཛུགས་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དུས་རབས་ཀྱི་ཁྱད་ཆོས་དང་། ས་མཐོའི་ཁྱད་ཆོས། བདེ་ཆེན་གྱི་ཁྱད་ཆོས་བཅས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་ཞིག་བཏོད་ཡོད་ཅེས་གསུངས་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། བདེ་ཆེན་དུ་འདབ་ཆགས་རིགས་ཁྱོན་བསྡོམས་454ཁྱབ་ཡོད་པ་དེས་ཡུན་ནན་གྱི་44.5%དང་རྒྱལ་ཡོངས་ཀྱི་30.1%བཟུང་ཡོད། སེམས་ཀྱི་ཉི་ཟླ་ནི་འདབ་ཆགས་རྩ་ཆེན་སྣ་ཚོགས་ཀྱི་དགུན་བརྒལ་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། གོམ་སྟབས་རྗེས་མར། རང་ཁུལ་གྱིས་སྐྱེ་ཁམས་བཅོས་སྐྱོང་དང་འདབ་ཆགས་སྲུང་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ། “ལྗང་མཛེས་བདེ་ཆེན་”འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། “སྐྱེ་ཁམས+རིག་གནས་ཡུལ་སྐོར་”འཕེལ་རྒྱས་གཏོང་སྟངས་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། “་རི་སྔོན་ཆུ་དྭངས་”དང“གསེར་རི་དངུལ་རི་"ཡི་ཕན་ནུས་ལྡན་པའི་རིན་ཐང་བརྗེ་སྤོར་མངོན་འགྱུར་ཧུར་ཐག་བྱས་ཏེ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་ཡིན།
པེ་ཅིང་ནགས་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ། ཀྲུང་གོ་ནགས་ལས་སྣོད་བཅུད་པར་ལེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཅན་ཝུའེ་ཡིས་བདེ་ཆེན་གྱི་དགུན་དུས་བྱ་གཟིགས་བྱེད་སྒོ་སྐབས་དྲུག་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེས་སེམས་ཀྱི་ཉི་ཟླའི་དགུན་དུས་རྒྱ་མཚོའི་མཐོ་ཚད་མཐོ་བའི་འདབ་ཆགས་ཀྱི་ཁྱབ་ཚུལ་དང་དགུན་དུས་ཀྱི་གནས་ཚུལ་གཞི་རྩའི་ཐོག་གསལ་པོ་ཤེས་ཐུབ་པ་དང་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་མང་པོ་ཞིག་ཆགས་ནས་སྤྱི་དམངས་འབོར་ཆེན་རང་བྱུང་དང་བདེ་ཆེན་དུ་བསྐྱོད་པའི་ཡིད་དབང་བཀུག་ནས་སྤྱི་ཚོགས་ཡོངས་ལ་སེམས་ཀྱི་ཉི་ཟླའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པ་རེད། བདེ་ཆེན་དུ་དགུན་དུས་བྱ་གཟིགས་བྱེད་སྒོ་མུ་མཐུད་འཚོག་རྒྱུའི་རེ་བ་ཡོད་ལ། ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་བདེ་ཆེན་ཁུལ་ལྗང་མདོག་འཕེལ་རྒྱས་ཀྱི་རྩོམ་ཡིག་ཆེན་པོ་དེ་ཡག་པོ་འབྲི་ནས་སེམས་ཀྱི་ཉི་ཟླ་འདི་ཉིད་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཔེ་མཚོན་ཞིག་ཏུ་དངོས་སུ་བསྐྲུན་ནས་འབད་བརྩོན་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག་ཞུགས་མཁན་འགོ་ཁྲིད་ཀྱིས་ས་ཁུལ་མི་འདྲ་བ་ནས་ཡོང་བའི་བྱ་གཟིགས་འགྲན་བསྡུར་ནང་ཞུགས་མཁན་དཔུང་ཁག་6ལ་དར་ཆ་སྤྲད་པ་རེད། 《སེམས་ཀྱི་ཉི་ཟླའི་གཏམ་རྒྱུད 》《རྒྱལ་ཐང་ཁྲུང་ཁྲུང་ཞབས་བྲོ། 》སོགས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་གྱིས་སྐུ་མགྲོན་རྣམས་ལ་ལོ་མང་རིང་སེམས་ཀྱི་ཉི་ཟླའི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་གསོན་ཉམས་ལྡན་པའི་རི་མོ་འགྲེམས་སྟོན་བྱས་ཡོད།
འགོ་ཚུགས་མཛད་སྒོ་སྤེལ་རྗེས། འགོ་ཁྲིད་དང་སྐུ་མགྲོན་ད་དུང་ཤ་ཁ་རི་བོའི་ཡུལ་སྐོར་བ་ཞབས་ཞུའི་ལྟེ་གནས་སུ་ཕེབས་ནས་སྐབས་རིམ་བྱུང་གི་བྱ་གཟིགས་བྱེད་སྒོའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།
ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་། ཁྲེན་ཆུན། ཞུས་ཀོང་ཏེ། ལི་ཐའོ། ཀྲོང་ཞའོ་ཕིང་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། རྒྱལ་ནང་གི་འབྲེལ་ཡོད་ཚན་རིག་ཞིབ་འཇུག་སློབ་གླིང་དང་། མཐུན་ཚོགས། དུས་དེབ། ཁེ་ལས། དེ་བཞིན་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚོགས། ཁྱིམ་མཚེས་ཁུལ་དང་གྲོང་ཁྱེར་བཅས་ཀྱི་འགོ་ཁྲིད་དང་། དགེ་རྒན་ཆེ་མོ་བ། རིགས་གཅིག་མཁས་ཅན། མཁས་དབང་། བྱ་གཟིགས་མཁས་ཅན་སོགས་གདན་ཞུས་ལྟར་བྱེད་སྒོར་ཞུགས་པ་རེད།