རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2025ལོའི་ཟླ2པའི་ཚེས27ཉིན་གྱི་དགོང་མོར། སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་དུ་ཡུན་ནན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐབས་གཉིས་པའི་གར་སྟེགས་ཆེན་པོའི་བྱེད་སྒོ་རབ་དང་རིམ་པ་དང་བདེ་ཆེན་ཁུལ་གྱི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་སར་སྤྲོ་ཚོགས་སྟེ《དགའ་སྤྲོའི་ལོ་སར》ཞེས་པ་གཟབ་རྒྱས་ངང་སྤེལ་བ་རེད།
དགོང་ཚོགས་ཀྱི་ཡུལ་དངོས་སུ་བདེ་ཆེན་ཁུལ་གྱི་མི་རིགས་ཁག་ནས་ཡོང་བའི་སྒྱུ་རྩལ་མཁས་ཅན་རྣམས་མཉམ་དུ་འཛོམས་ནས་སྒྱུ་རྩལ་གྱི་གསོལ་སྟོན་གྱ་ནོམ་པ་ཞིག་རྒྱ་ཆེ་བའི་ལྟད་མོ་བའི་སྤྱན་ལམ་དུ་འབུལ་བ་རེད།
ཟློས་གར་ཁང་དུ་ངོ་མཚར་བའི་འཁྲབ་སྟོན་འཁྲབ་པ་དང་། ཟློས་གར་ཁང་ཕྱི་རོལ་གྱི་མི་རིགས་རིག་གནས་ཐང་ཆེན་དུ་འདུ་འཛི་རབ་ཏུ་ཆེ། དགོང་མོའི་ཆུ་ཚོད་20:20ནས་བཟུང་།མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་བརྩེ་བའི་ལག་མདངས་མཉམ་དུ་སྤྲེལ་ནས་དགའ་དགའ་སྤྲོ་སྤྲོའི་ངང་སྐྱིད་པའི་སྐོར་བྲོ། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ག་ས་གང་དུ་འཆར།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་རབ་དང་རིམ་པ་ནང་ཡུན་ནན་གྱི་དམངས་གཞས་ཚང་མཉམ་ལེན་དང་། ཡུན་ནན་ཞབས་བྲོ་མཉམ་འཁྲབ། སྲོལ་རྒྱུན་གྱི་གླུ་གར་འགྲེམས་སྟོན། མི་རིགས་རིག་གནས་འགྲེམས་སྟོན། དེ་བཞིན་རིག་གནས་ཀྱི་དམངས་ཕན་འཁྲབ་སྟོན་སོགས་ནང་དོན་ཕུན་སུམ་ཚོགས་པོ་ཚུད་ཡོད། རྣམ་པ་སྣ་མང་ཅན་བརྒྱུད་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་སྒོ་ནས་བདེ་ཆེན་གྱི་ཕུལ་བྱུང་མི་རིགས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ་དང་། དེའི་ནང་ཞུགས་མཁན་གྱིས“ཡུན་ནན་ཟེར་བའི་འཚོ་བ་ཞིག་ཡོད”ཉམས་ལེན་གང་ལེགས་བྱེད་དུ་བཅུག་པ་རེད།