ཁུལ་སྲིད་གྲོས་ཀྱིས་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་སར་ཇ་སྟོན་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ2པའི་ཚེས27ཉིན།བདེ་ཆེན་ཁུལ་གྱི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་སར་ཇ་སྟོན་འཚོགས་པ།ཁུལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་མཉམ་དུ་འཛོམས་ནས་བོད་ཤིང་མི་སྦྲུལ་ལོའི་ལོ་སར་བསུ་བ་རེད། 

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཇ་སྟོན་ཚོགས་འདུ་ཞུགས་པ་དང་འབྲེལ་གསུལ་བཤད་གནང་བ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་གིས་2024ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་བརྡ་ཁྱབ་བྱས།  

ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཡན་ལན་ཚོགས་འདུར་ཞུགས་པ།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མའོ་ཡིའུ་ཧྥས་གཙོ་སྐྱོང་གནང་བ།  ལུའོ་ཁྲའོ་ཧྥེང་གིས་ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་།ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།    ཁུལ་མི་དམངས་སྲིད་གཞུང་།    ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམ་པ་དང་།    བཟོ་ཚོང་མཉམ་འབྲེལ་དང་ཏང་གི་ཁོངས་གཏོགས་མེད་པའི་མི་སྣ།    མི་དམངས་ཚོགས་པ་ཁོངས། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་ལས་རིགས་ཁག་གི་མི་སྣ།    བདེ་ཆེན་དུ་བཅའ་སྡོད་བྱས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་དང་སྤྱི་བདེ་ཉེན་རྟོག་པ།    མེ་གསོད་པ།    ནགས་ཚལ་རོགས་སྐྱོབ་མི་སྣ་། ཐོག་མཐའ་བར་གསུམ་དུ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་བདེ་ཆེན་བསྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་ལ་འབད་བརྩོན་བྱེད་མཁན་གྲོགས་པོ་ཚོར་དུས་ཆེན་གྱི་འཚམས་འདྲི་དང་ཆེས་མཛེས་སྡུག་ལྡན་པའི་སྨོན་འདུན་ཕུལ་བ་རེད།

    ལུའོ་ཁྲའོ་ཧྥེང་གིས་བསྟན་དོན།འདས་ཟིན་པའི་ལོ་གཅིག་ནང་བསྒྱུར་བཅོས་གོང་འཕེལ་བརྟན་ལྷིང་གི་དཀའ་ཚེགས་ཆེ་བའི་ལས་འགན་མདུན་དུ་ཁུལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ།    ཞིང་ཨུའི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས།     ཞིང་ཆེན་ཨུ་ལྷན་གྱི“3815”འཐབ་ཇུས་འཕེལ་རྒྱས་དམིགས་ཚད་དང་དམ་པོར་དམ་འཛིན་བྱས།    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་གནད་དུ་བྱེད་པ་དང་།    སྔར་བས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་སྒུལ་ཤུགས་སུ་བྱེད་པ་མཐའ་འཁྱོངས་བྱས་ཏེ།    བརྟན་ལྷིང་དང་།    འཕེལ་རྒྱས།    སྣོད་བཅུད་དང་མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་དམ་འཛིན་ཏན་ཏིག་བྱས་ཏེ།    ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེནལག་ལེན་གྱི་གོམ་སྟབས་བརྟན་པོ་སྤོས་ཡོད།    ལོ་གཅིག་རིང་ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་པ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུ་དང་ཁུལ་ཨུའི་ལས་ཀའི་བླང་བྱ་ལག་བསྟར་ནན་ཏན་དང་དོན་འཁྱོལ་བྱས་ཏེ་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལྟེ་བའི་ལས་འགན་ལ་དམིགས་ནས་འགན་འཁྲི་བསྒྲུབ་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲིད་གྲོས་ཀྱི་ལེགས་སྐྱེས་ཕུལ་ཡོད།    

    ལུའོ་ཁྲའོ་ཧྥེང་གིས་ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་དང་།    “3815”འཐབ་ཇུས་འཕེལ་རྒྱས་དམིགས་འབེན་“ལོ་གསུམ་ནང་སྐས་རིམ་དུ་སླེབས་པ་”མངོན་འགྱུར་བྱེད་པའི་ལོ་དང་།    ལོ་གསུམ་གྱི་བྱ་སྤྱོད་རབ་དང་རིམ་པ་ཐག་གཅོད་ཀྱི་འཐབ་འཛིང་དང་རྒྱལ་ཁ་ཐོབ་པའི་ལོ་དང་།    “ལོ་ལྔ་ཚན་བཅོ་ལྔ་པ”འཆར་འགོད་བྱེད་པའི་ལོ་བཅས་ཡིན།      ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་སྲིད་གྲོས་ལས་དོན་ལ་ཏང་གིས་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་།    ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་བདེ་ཆེན་གྱི་ལག་ལེན་སྲིད་གྲོས་གྲོས་འགོ་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས།    ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བྱེད་པའི་ཐད་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ།    ཆབ་སྲིད་སྲིད་གྲོས་དང་འགན་འཁྲིའི་སྲིད་གྲོས།    མི་དམངས་ལ་ཞབས་འདེགས་ཞུ་བའི་སྲིད་གྲོས།   འཆམ་མཐུན་སྲིད་གྲོས།   ཕན་ནུས་སྲིད་གྲོས་བཅས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་མགྱོགས་སུ་བཏང་སྟེ།    ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་བདེ་ཆེན་གྱི་ལེའུ་གསར་པ་འབྲི་ཆེད་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།    

    ཀྲང་ཝེ་ཏུང་གིས་2025ལོའི་ལས་དོན་ཁག་ལེགས་པར་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་དང་འགན་འཁྲི་གལ་ཆེན་ལྡན་ཡོད།     ང་ཚོས་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ།    ཁུལ་གྱི“ཚོགས་འདུ་གཉིས་”ནང་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ལ་དམིགས་ནས་བློ་རྩེ་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་གཉེར་བྱེད་པ་དང་།    བློ་རྩེ་གཅིག་སྒྲིལ་གྱིས་དོན་འཁྱོལ་དམ་འཛིན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན་ཞེས་བསྟན་པ་རེད།  

    ཇ་སྟོན་ཚོགས་འདུ་ཐོག་མཁར་བསེ·བློ་བཟང་ཆོས་རྒྱལ་དང་།    ཧོ་ཆི།    ངག་དབང་ཚུལ་ཁྲིམས་བཅས་ཆོས་ལུགས་ལས་རིགས་དང་།    གྲངས་ཉུང་མི་རིགས་དང་སྤྱི་དབང་མིན་པའི་དཔལ་འབྱོར་བཅས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་བ་རེད། རང་ཁུལ་གྱི་རིག་རྩལ་ལས་དོན་པས་ད་དུང་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས།    

    དབྱང་ཙི་ཅང་དང་།    ལི་དབྱང་།    ལེའོ་ཝུན་ཚེ།    ཁྲེན་ཆུན།    ཞུང་ཝུན་པིན་སོགས་འགོ་ཁྲིད་ཚོགས་འདུར་ཞུགས་པ་རེད།    ཁུལ་རིམ་པའི་ཚན་ཁག་བཞི་དང་།    བདེ་ཆེན་དམག་ཁུལ་དང་ཁུལ་ཁྲིམས་ཁང་།    ཁུལ་རྒྱལ་ཁབ་བདེ་འཇགས་ཅུས་བཅས་ཀྱི་འགོ་ཁྲིད། སེམས་ཀྱི་ཉི་ཟླ་གྲོང་ཁུལ་དུ་སྡོད་པའི་ཐིང་གཞོན་པ་ཡན་གྱི་ལས་འཁྱུར་ངལ་གསོའི་བློ་མཐུན་རྒན་པ་དང་ཞིང་ཆེན་རིམ་པ་ཡན་གྱི་གཟེངས་བསྟོད་གཟི་བརྗིད་ཐོབ་མཁན་འཐུས་མི།     བདེ་ཆེན་དུ་སྡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ།     རྒྱལ་གཅེས་ཕྱིར་སྡོད་སྤུན་ཟླ་དང་།    དམག་དཔོན་གྱི་ཁྱིམ་མི།    ཁེ་ལས་པ།    དགེ་རྒན་དང་སྨན་དོན་མི་སྣའི་འཐུས་མི།     བདེ་ཆེན་གྱི་བཅའ་སྡོད་དཔུང་སྡེའི་དཔོན་དམག་འཐུས་མི་དང་དེ་བཞིན་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་།    ཨུ་ཡོན་ལས་ཁུངས་ཀྱི་ལས་འཁྱུར་ལས་བྱེད་པ་སོགས་ཇ་སྟོན་ཚོགས་འདུར་ཞུགས་པ་རེད།