དུས་ཆེན་རིང་མཆོད་ཆང་མཆོད་རྗེས་འདི་དག་གནང་རྒྱུ་མི་འདུག
རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-02   རྩོམ་ཁུངས།    西藏日报藏文媒体
ལོ་གསར་གཏོང་བ་སོགས་དགའ་འཛོམས་བྱེད་དུས། སྐྱེ་བོ་མང་པོ་ཞིག་གིས་ཆང་རག་བཏུངས་ནས་དུས་ཆེན་གྱི་རྣམ་པ་འཁྲུག་ཏུ་གཏོང་གི་ཡོད། མ་གཞི་དེ་ནི་མི་འོས་པ་དང་མི་འགྲིག་པ་སོགས་གང་མིན་ཡང་། ཆང་རག་བཏུངས་རྗེས། གཤམ་གསལ་གྱི་ངེས་བྱ་བཞི་པོ་བློ་ལ་བརྟན་པོར་མ་བཟུང་ཚེ། ཆང་རག་གིས་ང་ཚོའི་གཟུགས་པོར་གནོད་པ་མ་ཟད། སྐབས་རེ་ཚེ་སྲོག་ལའང་ཉེན་ཁ་བཟོ་སྲིད། དེས་ན་སྙིང་ཉེ་བའི་ཀློག་པ་པོ་ཁྱེད་ཀྱིས་རྩོམ་སྒྲིག་པའི་ཤ་ཚའི་གཏམ་ལ་ལན་གཅིག་གསན་དང་། ཆང་རག་བཏུངས་རྗེས་གཤམ་གྱི་བྱེད་སྟངས་རིགས་བཞི་པོ་རྩ་བ་ནས་བྱ་མི་རུང་།

01ཆང་རག་བཏུངས་རྗེས་སྨན་ཟ་མི་རུང་།

02ཆང་རག་བཏུངས་རྗེས་གུང་ལ་ཕུག་ཟ་བ་དང་དེའི་ཁུ་བ་འཐུང་བ་སོགས་བྱ་མི་རུང་།

03ཆང་རག་བཏུངས་རྗེས་སྐྱུག་མི་རུང་།

04 ཆང་རག་བཏུངས་རྗེས་གཟུགས་པོ་འཁྲུ་མི་རུང་།
