རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-03   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ2པའི་ཚེས24ཉིན་གྱི་མཚན་མོར། སྐྱེ་ཁམས་ཀྱི་བདེ་ཆེན། འདབ་ཆགས་ཀྱི་ཞིང་ཁམས་ཞེས་པའི་དགུན་དུས་ཡུལ་སྐོར་སེམས་ཀྱི་ཉི་ཟླའི་བྱ་གཟིགས་བྱེད་སྒོ་སྐབས་བདུན་པའི་མཚན་མོར་གླེང་མོལ་དང་མཇུག་སྒྲིལ་མཛད་སྒོ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དེར་ཞུགས་པ་དང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧེ་ཏུང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཡན་ལན། ཁུལ་སྲིད་གྲོས་ཀྱི་ཀྲུང་ཞི་མིའོ་ཡིའུ་ཧྥ་བྱེད་སྒོར་ཞུགས།
དེའི་དགོང་མོའི་གླེང་མོལ་སྐྱེ་ཁམས་དང་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་གླེང་མོལ་བྱས། བྱེད་སྒོར་ཞུགས་མཁན་སྐུ་མགྲོན་དང་དེ་བཞིན་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་སྐྱེ་ཁམས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ།བྱ་གཟིགས་དཔལ་འབྱོར། རྩེར་སོན་ཡུལ་སྐོར་གྱི་བསམ་གཞི་མཉམ་སྤྱོད་བྱས།
ལུའོ་ཁྲའོ་ཧྥེང་གིས་བྱེད་སྒོར་ཞུགས་མཁན་སྐུ་མགྲོན་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ལ་དགའ་བསུ་ཞུས་བ་དང་ཐེངས་འདིའི་བྱེད་སྒོར་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས། ལུའོ་ཁྲའོ་ཧྥེང་གིས་དུས་ཡུན་རིང་པོར་བདེ་ཆེན་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་ནན་པོ་བྱས་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ།ཁུལ་ཡོངས་ཀྱི་རང་བྱུང་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་པོ་རྒྱུན་འཁྱོངས་བྱེད་ཡོད་ཅེས་བསྟན་པ་དང་། སྐུ་མགྲོན་དང་དེ་བཞིན་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་རྒྱུན་མཐུད་བདེ་ཆེན་གྱི་སྐྱེ་ཁམས་འཕེལ་རྒྱས་ལ་བློ་རིག་སྟོབས་ཤུགས་འབུལ་བའི་རེ་བ་བཏོན།
ཤེས་གསལ་བྱུང་དོན། ཐེངས་འདིའི་བྱེད་སྒོར་རུ་ཁག་6འགྲན་བསྡུར་དུ་ཞུགས་ཡོད། ནགས་ཕག་མཚོ་དང་པོ་ཏ་མཚོ། ཡང་ཐང་ཆུའི་ས་ཁུལ་ནས་ཁྱོན་བསྡོམས་བྱ་རིགས་169ལ་ལྟ་ཞིབ་ཚད་ལེན་བྱས། མཇུག་སྒྲིལ་མཛད་སྒོའི་ཐོག་བྱེད་སྒོར་ཞུགས་པའི་འགོ་ཁྲིད་ཀྱིས་བྱ་དགའ་ཐོབ་པའི་མི་སྒེར་དང་རུ་ཁག་ལ་བྱ་དགའ་གནང་བ།
ཁུལ་འགོ་ཁྲིད་ཁྲིན་ཆོན། ལུའུ་ཀྲི་ཅུན། ཞུས་ཀོང་ཏེ། ལི་ཐའོ། རྒྱལ་ཡོངས་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་ཁེ་ལས་འཐུས་མི། འགྲན་ཞུགས་རུ་ཁག་གི་མི་སྣ་ཡོངས་བྱེད་སྒོར་ཞུགས།