རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-03   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་25ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་གཉིས་པ་དང་བདེ་ཆེན་གྱི་སློབ་ཚན་དང་པོ་སྤེལ་བ། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་རྒྱུན་འཁྱོངས་བྱས་པ་དང་རྒྱལ་ཁབ་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྣམ་བཤད་་གཏིང་ཟབ་ཏུ་སློབ་སྦྱོང་ལག་བསྟར་བྱེད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ནན་ཏན་གྱི་དོན་འཁྱོལ་ལག་བསྟར་བྱེད། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་བརླིང་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱེད་དེ་བདེ་ཆེན་གྱི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་རྒྱུན་མཐུད་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་།
ཀྲང་ཝེ་ཏུང་།ཕེང་ཧྲན།ལི་ཡན་ལན། མིའོ་ཡིའུ་ཧྥ་སློབ་སྦྱོང་དུ་ཞུགས།
ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཨུའི་བོད་འབྲེལ་གཞུང་ལས་ཁང་གི་ཀྲུའུ་རེན་ཝུའུ་ཡུན་སན་གྱིས་བོད་འབྲེལ་ཁྱབ་ཁོངས་ཀྱི་ཉེན་ཁའི་འགྲན་བསྡུར་སྔོན་འགོག་དང་ཐག་གཅོད་མུ་མཐུད་མཐོ་རུ་གཏོང་བར་སོགས་ཀྱི་ནང་དོན་ལ་དམིགས་པའི་ཆེད་དོན་ཟུར་ཁྲིད་གནང་།
ལུའོ་ཁྲའོ་ཧྥེང་གིས་རྒྱལ་ཁབ་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཆེའི་རྣམ་བཤད་ཟབ་སྦྱོང་མཐིལ་རྟོགས་ལག་བསྟར་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དེ་རིམ་ཁག་ཏང་ཨུ་རྒྱུན་ཨུའི་སློབ་སྦྱོང་གྲོས་དོན་ནང་བཞག་པ།ཏང་ཨུ(ཏང་ཙུའུ)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་གི་གཙོ་དོན་ཉིན་མོ།ལས་བྱེད་པའི་གསོ་སྦྱོང་།རྒྱལ་ཁབ་བདེ་འཇགས་འགན་འཁྲི་ལམ་ལུགས་ཀྱི་ལོ་འཁོར་དཔྱད་ཞིབ་དང་སྐོར་ཞིབ་ཀྱི་ནང་དོན་གཙོ་བོར་བཞག་སྟེ།རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བས་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་བར་སློབ་གསོ་སྣེ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་རིམ་ཁག་སྡེ་ཁག་སོ་སོས་ལས་ཀ་ཁག་དམ་འཛིན་བྱས་ནས་ཁུལ་ཡོངས་རྒྱལ་ཁབ་བདེ་འཇགས་ལས་ཀ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།ཆབ་སྲིད་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དཔེ་སྟོན་ཁུལ་མགྱོགས་སུ་འཛུགས་སྐྲུན་བྱེད་དགོས།དཔལ་འབྱོར་འཁོར་སྤྱོད་དབྱེ་ཞིབ་བཀོད་གཏོང་ཤུགས་ཆེར་གཏོང་དགོས་པའི་ནན་བཤད་གནང་།
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མི། འབྲེལ་ཡོད་འགོ་ཁྲིད། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་བློ་མཐུན་ཞུགས་ཡོད།