ཁུལ་ཨུས་ཀྲུང་དབྱང་གིས་ཡུན་ནན་ལ་སྐོར་ཞིབ་གནང་བའི་ལན་སྤྲོད་བསམ་འཆར་བདེ་ཆེན་ཁུལ་གྱི་དག་བཅོས་ལས་ཀའི་ཆེད་དོན་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-03   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།   ཟླ་2པའི་ཚེས་25ཉིན། ཁུལ་ཨུས་ཀྲུང་དབྱང་གིས་ཡུན་ནན་ལ་སྐོར་ཞིབ་གནང་བའི་ལན་སྤྲོད་བསམ་འཆར་བདེ་ཆེན་ཁུལ་གྱི་དག་བཅོས་ལས་ཀའི་ཆེད་དོན་ཚོགས་འདུ་འཚོགས་པ།ཏང་གི་འཛུགས་སྐྲུན་སྐོར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གཙོ་བོ་དང་སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྣམ་བཤད་གཏིང་ཟབ་ཏུ་སློབ་སྦྱོང་བྱས། ཞིང་ཨུས་འཚོགས་པའི་ཀྲུང་དབྱང་སྐོར་ཞིབ་དག་བཅོས་ལས་ཀའི་ཆེད་དོན་ཚོགས་འདུའི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་ལག་བསྟར་བྱས་ནས་ཀྲུང་དབྱང་གིས་ཡུན་ནན་ལ་སྐོར་ཞིབ། ཞིང་ཨུའི་སྐོར་ཞིབ་དང་ཞིང་ཨུའི་ཆབ་སྲིད་སྣང་ཚུལ་གནས་སྡོད་ཞིབ་འཇུག་ལག་སྤྲོད་གནད་དོན་དག་བཅོས་ལས་འགན་ཡང་བསྐྱར་ལག་བསྟར། ལས་ཀ་ཡང་བསྐྱར་གཏིང་ཟབ། གྲུབ་འབྲས་ཡང་བསྐྱར་མཐོ་རུ་གཏོང་བ་ལ་སྐུལ་འདེད་གཏོང་དགོས།

   གྲོས་ཚོགས་ཐོག་ཀྲུང་དབྱང་སྐོར་ཞིབ་ཡུན་ནན་ལན་སྤྲོད་བསམ་འཆར་རང་ཁུལ་གྱི་དག་བཅོས་གནས་ཚུལ་གྱི་སྙན་སེང་ཉན་པ།

    གྲོས་ཚོགས་ཐོག་རིམ་ཁག་ཏང་ཨུ་(ཏང་ཙུའུ)ཡིས་སྐོར་ཞིབ་དག་བཅོས་ཡག་པོ་སྒྲུབ་པའི་ཆབ་སྲིད་རང་རྟོགས་དང་བསམ་གཞི་རང་རྟོགས། བྱ་སྤྱོད་རང་རྟོགས་མཐོ་རུ་གཏོང་བ། སྐོར་ཞིབ་དག་བཅོས་ཀྱི་ཆབ་སྲིད་ལས་འགན་དང་བྱེད་པོའི་ལས་འགན་འཁུར་ནས་དག་བཅོས་ལས་འགན་ཁག་དོན་ཐོག་ལག་བསྟར་བྱེད་དགོས་པའི་ནན་བཤད་གནང་།

    གྲོས་ཚོགས་ཐོག་གནད་དོན་བྱེ་བྲག་པར་དམིགས་ནས་ལྷོད་གཡེང་མི་གཏོང་བ་དང་དོན་ཐོག་དག་བཅོས་བྱེད་དགོས། དག་བཅོས་ལས་ཀ་དང་དུས་རྒྱུན་ལས་ཀ་ཟུང་འབྲེལ་བྱས་ནས་ལམ་ལུགས་ཆ་ཚང་ཞིག་ཏུ་འགྱུར་དགོས།སྡེ་ཁག་བར་གྱི་སྤེལ་རེས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་དག་བཅོས་ལས་ཀ་གནད་ལ་འཁེལ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

    ཁུལ་འགོ་ཁྲིད་དབྱང་ཙི་ཅང་། ཀྲུའུ་ཧུང་། ལི་དབྱང་། ཁྲིན་ཆོན། ཀྲོང་ཞའོ་ཕིང་། རྫོང་(གྲོང་ཁྱེར)སོ་སོ་དང་ཐོན་ལས་གླིང་ཁུལ།ཁུལ་རིམ་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།