ལུའོ་ཁྲའོ་ཧྥེང་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་ཕེབས་ནས་ལྐོག་ཞིབ་ཞིབ་བཤེར་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-04   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་3པའི་ཚེས་2ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་ཕེབས་ནས་ལྐོག་ཞིབ་ཞིབ་བཤེར་གནང་བ། ཁུལ་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ཀྱི་ལས་རེས་གནས་ཚུལ་ལ་སྐབས་བསྟུན་འཐེན་བཤེར་བྱས་པ་དང་ཉི་མ་རྫོང་དང་ཀོང་རྩེད་ར། ཅིན་ཅང་སྤྱི་བདེ་མངག་གཏོང་ཁང་གི་ལས་ཀའི་གནས་ཚུལ་བརྙན་ལམ་བཀོད་གཏོང་བྱས་ནས་འབྲེལ་ཡོད་ལས་ཀའི་གནས་ཚུལ་སྙན་སེང་ཉན་པ།

    ལུའོ་ཁྲའོ་ཧྥེང་གིས་སྤྱི་བདེ་སྡེ་ཁག་གིས་ཧུར་ཐག་དང་བརྟན་བརླིང་ངང་གལ་ཆེའི་ཆབ་སྲིད་འཐབ་རྩོད་ལ་གདོང་ལེན་བྱེད་པ། གཞི་རིམ་གྱི་རྨང་གཞིའི་ལས་ཀ་བརྟན་པོ་སྒྲུབ་ནས།ཁུལ་ཡོངས་སྤྱི་ཚོགས་ཡོངས་ལ་རྒྱུན་མཐུད་ངང་འཆམ་མཐུན་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་དགོས།སྤྱི་བདེ་རུ་ཁག་གི་མཁོ་བསྟུན་ཐག་གཅོད་ནུས་ཤུགས་རྒྱུན་མཐུད་མཐོ་རུ་གཏོང་བ། མཉམ་སྒྲུབ་ནུས་ཆེ་དང་གོང་འོག་འབྲེལ་མཐུད་ཀྱི་བཀོད་འདོམས་མ་ལག་འཛུགས་དགོས། གཞི་རིམ་གྱི་རྨང་གཞིའི་ལས་ཀ་གཏིང་ཟབ་དང་བརྟན་པོར་གཏོང་དགོས།     ལས་ཀ་ལག་བསྟར་དམ་འཛིན་དང་སྤྱི་བདེ་མངག་གཏོང་ཁང་དང་གཞི་རིམ་མི་དམངས་ཉེན་རྟོག་པའི་ནུས་ཤུགས་འདོན་སྤེལ་བྱེད་ནས་བདེ་འཇགས་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡག་ཞིག་འཛུགས་དགོས་པའི་ནན་བཤད་གནང་བ།

    ཁུལ་འགོ་ཁྲིད་ཁྲིན་ཆོན། ཞུང་ཝེ་པིང་། པའོ་ཡུས་ཏུང་བརྟག་ཞིབ་ཏུ་ཕེབས།