རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-04   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་3པའི་ཚེས་3ཉིན། སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་121(རྒྱས་འཛོམས)འཚོགས་པ། 2024ལོའི་ཞིང་ཡོངས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་ཁུར་ལམ་ལུགས་དཔྱད་ཞིབ་བསྐོང་འདྲི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་2024ལོའི་ཞིང་ཡོངས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལམ་ལུགས་དཔྱད་ཞིབ་ཚུར་ལེན་བསམ་འཆར་དག་བཅོས་ལས་ཀ་ཆེད་དོན་ཞིབ་འཇུག་བྱས།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་།
ལི་ཡན་ལན་དང་མིའོ་ཡིའུ་ཧྥ་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་ཐོག་དཔྱད་ཞིབ་ཚུར་ལེན་བསམ་འཆར་དག་བཅོས་ཀྱི་ཆབ་སྲིད་རབ་རྟོགས་དང་བསམ་བློ་རང་རྟོགས། བྱ་སྤྱོད་རང་རྟོགས་མཐོ་རུ་གཏོང་བ། དག་བཅོས་ཀྱི་གྲུབ་འབྲས་དེ་གཏན་འབེབས་གཉིས་བློ་བརྟན་འགྱུར་མེད་དུ་སྲུང་བ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པའི་གལ་ཆེའི་ཞིབ་དཔྱད་དུ་གྱུར་པ་དང་བདེ་ཆེན་ཁུལ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གཙོ་བོར་གྱུར་བ་དང་བདེ་ཆེན་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བའི་ལག་བསྟར་བྱེ་བྲག་ཏུ་གྱུར་ནས་ཚུར་ལེན་བསམ་འཆར་དག་བཅོས་དང་ཀྲུང་དབྱང་གི་སྐོར་ཞིང་དག་བཅོས་དང་ཞིང་ཨུའི་སྐོར་ཞིབ་དང་ཆབ་སྲིད་སྣང་ཚུལ་གནས་སྡོད་ཞིབ་འཇུག་གི་ཚུར་ལེན་གནད་དོན་དང་ལྟ་སྐུལ་ཞིབ་བཤེར་གྱི་ཚུར་ལེན་གནས་དོན་དག་བཅོས་མཐུད་སྦྲེལ་བྱས་ནས་གནད་དོན་ཁག་དོན་ཐོག་དག་བཅོས་ལ་ཁག་ཐེག་བྱེད་དགོས་པའི་ནན་བཤད་གནང་།
གྲོས་ཚོགས་ཐོག་བྱ་ཐབས་ནན་པོས་འགག་རྩའི་ཉུང་ཤས་ལ་དོ་དམ་བྱེད་དགོས།མི་བཀོལ་སྤྱོད་བྱེད་ཕྱོགས་ཡང་དག་པར་བརྟེན་ནས་ལས་སྒྲུབ་ཕྱོགས་སྣེ་ཁྲིད་བྱེད་དགོས། ཏང་སྲོལ་སྲིད་སྲོལ་ཡག་པོར་བརྟེན་ནས་སྤྱི་ཚོགས་ཀྱི་རྣམ་པ་ལེགས་སུ་གཏོང་དགོས། ཕྱི་ཚུལ་རིང་ལུགས་ཀྱིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་དགོས།སྤྱོད་གཙང་བདེ་ཆེན་གྱི་འཛུགས་སྐྲུན་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
གྲོས་ཚོགས་ཐོག་དག་བཅོས་ཀྱི་ཆབ་སྲིད་ལས་འགན་མཐའ་གཅིག་ཏུ་འཁུར་བ་དང་དག་བཅོས་ལས་ཀའི་མཉམ་ཤུགས་ཆགས་པར་སྐུལ་འདེད་གཏོང་དགོས།སྣེ་ཁྲིད་འགོ་ཁྲིད་དང་ལས་འགན་འགོ་ཁྲིད་སོ་སོས་དག་བཅོས་ལས་འགན་རྟག་ཏུ་འདྲི་རྟོག་དང་རྟག་ཏུ་ཞིབ་འཇུག་བྱེད་ནས་དུས་ཐོག་ཏུ་ལས་ཀའི་ཁྲོད་ཀྱི་དཀའ་གནད་ཐག་གཅོད་བྱེད་དགོས་པའི་ནན་བཤད་གནང་།
གྲོས་ཚོགས་ཐོག་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འགན་འཁུར་བ་དང་པོའི་ལས་འགན་དང་ལས་རེ་འགན་གཉིས་ཀྱི་ལས་འགན་དོན་འཁྱོལ་ལག་བསྟར་བྱེད་དགོས།ཏང་སྲོལ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས།ཀྲུང་དབྱང་གཏན་འབེབས་ཁག་བརྒྱད་ཀྱི་དགོངས་དོན་གཏིང་ཟབ་ཏུ་དོན་འཁྱོལ་ལག་བསྟར་བྱེད་དགོས། ཁྱིམ་སྲོལ་དང་ཁྱིམ་གྱི་སློབ་གསོ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་ལས་འགན་བྱེ་བྲག་གི་ལས་ཀའི་ཁྲོད་དུ་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་གནང་དགོས།
དབྱང་ཙི་ཅང་དང་ལི་དབྱང་།ལིའོ་ཝེ་ཚའེ།ཁྲིན་ཆོན།ལུའུ་ཀྲི་ཅུན།དབྱང་ཞུའེ་ཝུན། ཧྥེན་པིང་ཆང་། ཞུང་ཝུན་པིང་གྲོས་ཚོགས་སུ་ཞུགས།