ལུའོ་ཁྲའོ་ཧྥེང་གིས་སུམ་རྩེན་གླིང་དུ་འབོར་ཐེངས་བཞི་པའི་“བློ་སྦྱོང་ཕྱོགས་མཐུན་”བསམ་བློ་སློབ་གསོ་སྒྲོག་འགྲེལ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-04   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་3པའི་ཚེས་3ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སུམ་རྩེན་གླིང་དུ་ཕེབས་ནས་འབོར་ཐེངས་བཞི་པའི་“བློ་སྦྱོང་ཕྱོགས་མཐུན་”བསམ་བློ་སློབ་གསོ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་སྔ་ལས་ལྷག་པར་རྒྱལ་ཁབ་འདུ་ཤེས་དང་སྤྱི་དམངས་འདུ་ཤེས།ཁྲིམས་སྐྱོང་འདུ་ཤེས། བཀའ་དྲིན་འདུ་ཤེས་མཐོ་རུ་གཏོང་བ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་བདེ་ཆེན་ལག་བསྟར་གྲུབ་འབྲས་གསར་པ་ཐོབ་པར་ཁྲིད་སྟོན་སྐུལ་འདེད་གཏོང་དགོས།

    ཐེངས་འདིའི་སྒྲོག་འགྲེལ་བྱེད་སྒོ་བཞུགས་མོལ་ཚོགས་འདུ་དང་གཅིག་བསྡུད་སྒྲོག་འགྲེལ་མཉམ་སྦྲེལ་གྱི་བྱ་ཐབས་སྤྱད་དེ་སྤེལ་བ། སྒྲོལ་འགྲེལ་བྱེད་སྒོའི་ཁྲོད་དུ་སུམ་རྩེན་གླིང་གི་གྲྭ་བ་སྤེལ་རེས་གཏམ་བཤད་གནང་བ། ཁུལ་རིམ་“བློ་སྦྱོང་ཕྱོགས་མཐུན་”སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཆོས་ལུགས་ལས་དོན་བདག་སྐྱོང་ཁྲིམས་སྐྱོང་ཅན་ལ་དམིགས་ནས་གཅིག་བསྡུད་སྒྲོག་འགྲེལ་བྱས།

    ལུའོ་ཁྲའོ་ཧྥེང་གིས་རྒྱལ་ཁབ་འདུ་ཤེས་མཐོ་རུ་གཏོང་བ་དང་རྒྱལ་ཁབ་གཅིག་འགྱུར་དང་མི་རིགས་མཐུན་སྒྲིལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་དགོས།སྤྱི་དམངས་འདུ་ཤེས་མཐོ་རུ་གཏོང་བ་དང་རང་རྟོགས་ཀྱི་སྤྱི་དམངས་ཀྱི་འོས་འགན་ལག་བསྟར་བྱེད་དགོས།ཁྲིམས་སྐྱོང་འདུ་ཤེས་མཐོ་རུ་གཏོང་བ་དང་ཁྲིམས་མཐུན་ཆོས་ལུགས་ལས་དོན་དོ་དམ་བྱེད་དགོས། བཀའ་དྲིན་འདུ་ཤེས་མཐོ་རུ་གཏོང་བ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བློ་བརྟན་འགྱུར་མེད་ངང་བྱེད་དགོས་པའི་ནན་བཤད་གནང་བ།

    དབྱང་ཙི་ཅང་དང་ལིའོ་ཝེ་ཚའེ།ཁྲིན་ཆོན་སྒྲོག་བཤད་བྱེད་སྒོར་ཞུགས།