ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་ཡུན་ནན་ལག་ལེན་ལ་སྐུལ་འདེད་གཏོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        

 ཝང་ཉིང་།(ཡུན་ནན་ཞིང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན།)

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་གྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་མཐའ་མཚམས་མི་རིགས་ཁག་གི་མི་དམངས་ལ་སེམས་ཁུར་བྱེད་ཀྱི་ཡོད།   ཡུན་ནན་ལ་རྟོག་ཞིབ་ཐེངས་གཉིས་བྱས་པ་དང་།    ཡུན་ནན་ལས་དོན་ལ་མཛུབ་སྟོན་གལ་ཆེན་ཐེངས་མང་བྱས་ཏེ་ཡུན་ནན་འཕེལ་རྒྱས་གཏོང་ཆེད་མཛེས་སྡུག་ལྡན་པའི་འཆར་འགོད་བྲིས་པ་དང་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་བྱས་ཡོད།     2024ལོའི་ཟླ་9ཚེས་24ཉིན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཨེར་མི་རིགས་མཐུན་སྒྲིལ་གྱི་དམ་བཅའ་རྡོ་རིང་མནའ་འབྲེལ་དམ་བཅའི་འཐུས་ཚབ་པའི་མི་རབས་རྗེས་མར་འཕྲིན་ལན་བཏང་བ་དང་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་མ་ཐེབས་ཡོད།     ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ།    ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་བྱས་པའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ།    ལོ་གསུམ་ནང་སྐས་རིམ་དུ་སླེབས་པ་དང་།    ལོ་བརྒྱད་ནང་འཕེལ་རྒྱས་ཆེ་བ།    ལོ་བཅོ་ལྔའི་ནང་མཆོང་སྐྱོད་ཆེན་པོ་བཅས་ཀྱི་འཐབ་ཇུས་འཕེལ་རྒྱས་དམིགས་འབེན་“3815”གཏན་འཇགས་བྱས་ཏེ།    ལོ་གསུམ་གྱི་བྱ་སྤྱོད་རབ་དང་རིམ་པ་དམ་འཛིན་བྱས་དང་།    འཕེལ་རྒྱས་ཀྱི་སྒུལ་ཤུགས་མགྱོགས་མྱུར་འཕོ་འགྱུར་བྱས་ཏེ།    དམངས་འཚོ་འཛུགས་སྐྲུན་ཏན་ཏིག་དང་སྟོབས་ཤུགས་ཆེ་བ།    སྤྱི་ཚོགས་ཀྱི་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་བཅས་བྱས་ཏེ།     གྲུབ་འབྲས་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས་“གཏན་འཁེལ་གཉིས་”ལ་བརྩི་བཀུར་བརྟན་པོ་བྱེད་པ་དང་།    “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་དགོས།    

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་བསྒྱུར་བཅོས་ཀྱི་ལས་འགན་ཁག་ཡུན་ནན་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།     ང་ཚོས་ཏང་ཀྲུང་དབྱང་གི་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ནས་ཡུན་ནན་གྱི་དོན་དངོས་གཞིར་བཟུང་དོན་འཁྱོལ་གྱི་བསམ་འཆར་བཟོས་པ་དང་འགག་རྩའི་ཁྱབ་ཁོངས་9ཡི་བསྒྱུར་བཅོས་ཀྱི་འགག་གནད་ཁ་གསལ་བཟོས་ནས་བསྒྱུར་བཅོས་བྱེད་ཐབས་ཁག་326བཏོན་ཡོད།     “གཡོ་འགུལ་སྤུ་ཙམ་ཡང་མེད་པ་གཉིས་”རྒྱུན་འཁྱོངས་དང་དོན་འཁྱོལ་བྱས་ཏེ།    དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ།    “དངུལ་རྩའི་ཞབས་ཞུ་ཡིད་རྟོན”ལས་སྟེགས་ཀྱི་ནུས་པ་རྒྱ་སྐྱེད་བཏང་སྟེ།    ཁེ་ལས་འབྲིང་ཆུང་གི་དངུལ་བུན་གྱི་དཀའ་གནད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ།    ལས་སྟེགས་འཁོར་སྐྱོད་བྱས་ནས་ལོ་2རིང་རིམ་རྩིས་བྱས་ན་དངུལ་བུན་སྒོར་དུང་ཕྱུར་3200ལས་བརྒལ་ནས་ལས་གཉེར་སྐྱོང་དུད་ཚང་ཁྲི་19ལྷག་ཙམ་དང་དབུལ་སྒྲོལ་མང་ཚོགས་ཁྲི་3ཙམ་ལ་ཕན་པ་ཐོབ་ཡོད།     “ཐིང་ཅུས་ཀྲང་གིས་སྨན་བཅོས་བྱས་ནས་ཞུ་གཏུག་དང་ལེན་བྱེད་པ་”གསར་གཏོད་ངང་སྤེལ་བ་དང་ཁེ་ལས་ལ་ཕན་པ་ཐོབ་པའི་དོན་དག་དངོས་10ལེགས་པར་བསྒྲུབས་ནས་རྒྱ་ཆེའི་ཁེ་ལས་དེ་ཡུན་ནན་འཕེལ་རྒྱས་ཀྱི་“མཉམ་གཉེར་བྱེད་མཁན་ཡག་ཤོས་”དུ་བརྩིས་ཡོད།     ཁུན་མིང་གྲོང་ཁྱེར་གྱི་ཤིས་ཧྲོང་པན་ན་ཁུལ་མོ་ཧན་གྲོང་རྡལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་གཏིང་ཟབ་ཏུ་བཏང་སྟེ་མོ་ཧན་ཐོན་ལས་གླིང་ཁུལ་གྱིས་བསྡོམས་རྩིས་ཐོག་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་100ལེགས་གྲུབ་བྱུང་བ་དང་ལས་གཉེར་དུས་ཚང་5900ལྷག་ཙམ་ཟིན་ཡོད།     ང་ཚོས་ཀྲུང་དབྱང་གི་བསྒྱུར་བཅོས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་ལེགས་པོ་བྱས་ཏེ།    བསྒྱུར་བཅོས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་ཀྱི་སྟོབས་ཤུགས་བཟུང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་རྒྱག་རྒྱུ་ཡིན།   

         ཐོན་ཁུངས་དཔལ་འབྱོར་དང་། གླིང་ཁུལ་གྱི་དཔལ་འབྱོར། འགག་སྒོའི་དཔལ་འབྱོར་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་དཔལ་འབྱོར་རིགས་སྒྱུར་རིམ་སྤོར་གྱི་འགག་སྒྲོལ་ལས་ཀ་ཡག་པོ་བྱེད་པ། ང་ཚོས་ཐོན་ཁུངས་ལ་བརྟེན་ནས་ཐོན་ལས་བརྗེ་བ་དང་གླིང་ཁུལ་ལ་བརྟེན་ནས་ཐོན་ལས་གཅིག་བསྡུས་བྱེད་པ། འགག་སྒོ་ལ་བརྟེན་ནས་ཐོན་ལས་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྣམ་གྲངས་དམ་འཛིན་དང་། ཁེ་ལས་རོགས་སྐོར། ཐོན་ལས་གསོ་སྐྱོངབྱས་ཏེ། དུས་ཚིགས་13བསྟུད་མར་ཐོན་ལས་རྣམ་གྲངས་གལ་ཆེན་བཀོད་གཏོང་དང་སྐུལ་འདེད་བཏང་། 2024ལོར་ཞིང་ཆེན་ཡོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3.15ཟིན་། ཐོན་ལས་མ་འཇོག་དང་བཟོ་ལས་མ་འཇོག དམངས་ཁྲོད་མ་འཇོག་བཅས་ཀྱིས་མ་འཇོག་ཡོངས་སུ་བཟུང་བའི་བསྡུར་ཚད་སོ་སོར་52.7%དང་། 31.7% 45.2%བར་རིམ་པ་བཞིན་འཕར། ལྗང་མདོག་ཧ་ཡང་དང་།  སྭེལ་འོད་ནུས།  ནུས་རྒྱུ་གསར་པ་བཅས་ཀ་རྟེན་ཐོན་ལས་གསར་པར་གྱུར་ནས་སྐྱེ་དངོས་སྨན་རྫས་དང་རྒྱུ་ཆ་གསར་པ་སོགས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། ཞིང་ལས་མ་འཇོག་གཞི་ཁྱོན་བསྟུད་མར་ལོ་གསུམ་རྒྱལ་ཡོངས་ཀྱི་མདུན་གྲལ་རྒྱུན་འཁྱོངས་བྱས་པ་དང་གཙོ་གནད་ཐོན་ལས་ཀྱི་འབྲེལ་ཐག་ཡོངས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་2.7ལས་བརྒལ་ཡོད། “ཡུན་ནན་གྱི་འཚོ་བ་”ཞེས་པ་རྒྱལ་ཡོངས་སུ་སྐད་གྲགས་ཆོད་ཅིང་། “ཡུན་ནན་དུ་འཚོ་སྡོད་བྱེད་པ་”དར་སྲོལ་གསར་པ་ཞིག་ཏུ་གྱུར་ནས་ཡུལ་སྐོར་མི་གྲངས་ཁྲི་390ཟིན་པ། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འགྲོ་གྲོན་སྒོར་དུང་ཕྱུར་ཁྲི་1.14ཟིན་པ། རྒྱལ་མཚམས་ནས་ཞག་སྡོད་བྱེད་མཁན་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་བརྒྱ་ཆ་168འཕར་ཡོད། ང་ཚོས་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་མཐའ་འཁྱོངས་བྱས་ནས་བསྡུར་ན་ལེགས་ཆ་འདོན་སྤེལ་དང་རྗེས་ཐོན་ལེགས་ཆ་བེད་སྤྱོད་ཡག་པོ་བྱས་ཏེ། “དཔལ་འབྱོར་ཆེན་པོ་གསུམ་”སྟོབས་ཆེར་གཏོང་བ་དང་། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་སྤུས་ཚད་གསར་པ་འཕེལ་རྒྱས་བཏང་སྟེ། དཔལ་འབྱོར་རྒྱུན་མཐུད་ངང་ཡར་འཕར་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།

         དམ་བཅའ་རྡོ་རིང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ལ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་སྙིང་སྟོབས་སྣེ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། གཟུགས་ལྡན་དང་ཚོར་བ་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ནུས་ལྡན་ངང་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསོན་ཉམས་ལྡན་པའི་ལེའུ་བྲིས་པ་ཡིན། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་“འཆར་གཞི་གསུམ་”མུ་མཐུད་དམ་འཛིན་བྱས་ཏེམཐའ་མཚམས་བདེ་སྐྱིད་གྲོང་ཚོ་374བསྐྲུན་པ་དང་མཐའ་མཚམས་སྲིད་འཛིན་གྲོང་ཚོའི་ཞིང་པའི་ཡོང་འབབ་འཕར་སྣོན་ཅུང་མགྱོགས་པོ་རྒྱུན་འཁྱོངས་བྱས་ཡོད། 2024ལོར་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་གཏོང་སྒོའི་བརྒྱ་ཆ་76.1དམངས་འཚོ་ལ་སྤྱོད་པ་དང་། གྲོང་གསེབ་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆ་6.7འཕར་བ། མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར་ཁྲི་1མན་མ་ཟད་ངལ་རྩོལ་ནུས་པ་ལྡན་པའི་དབུལ་སྒྲོལ་དུད་ཚང་དང་ལྟ་ཞིབ་ཚད་ལེན་དུད་ཚང་གཞི་རྩའི་ཐོག་འགུལ་རྣམ་གཙང་སེལ་མངོན་འགྱུར་བྱུང་ཡོད། མང་ཚོགས་ཀྱི་སྒོ་འགྲམ་གྱི་སློབ་གྲྭ་དང་སྨན་ཁང་ཡག་པོ་གཉེར་བ་དང་། འགོ་ཁྲིད་ལས་བྱེད་པས་“སྒྲིག་ཁོངས་ཕུད་པའི་སློབ་གཞི”དང་“སྒྲིག་ཁོངས་ཕུད་པའི་ཡོན་ཀྲང་”གྱི་འགན་འཁུར་ནས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ། སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ཁེབས་ཚད་88.7%ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་90%ལ་“བྱིས་པའི་ཁྱིམ་”ཡོད་པ་དང་། “གཅེས་སེམས་ལྡན་པའི་ཨ་མ་”ཁྲི་17.7བསྡུས་པ་དང་། གཞིས་སྲུང་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པ་ཁྲི་21.9ལ་གཅེས་སྐྱོང་དང་ཞབས་འདེགས་ཞུ་བཞིན་ཡོད་པས། སྤྱི་ཚོགས་དམངས་འཚོ་འཛུགས་སྐྲུན་གྱི་གྲུབ་འབྲས་མི་རིགས་ཁག་གི་མང་ཚོགས་ལ་སྔར་བས་ཚོར་ཐུབ་པ་བྱུང་ཡོད། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་ཡུན་ནན་གྱི་ལས་དོན་ཁག་གི་གཙོ་ཐིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་དང་དུས་རབས་གསར་པའི་མཐའ་མཚམས་དར་རྒྱས་དམངས་ཕྱུག་གཏོང་བའི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་ཛ་དྲག་དཀའ་ངལ་དང་སེམས་ཁྲལ་ཐག་གཅོད་ཡག་པོ་བྱས་ཏེ། “ཡུན་ནན་ཀྱི་འཚོ་བ་”ཞེས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་དངོས་སུ་འགྱུར་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་དཔེ་སྟོན་བྱ་རྒྱུ་ཡིན།

ལྗང་མདོག་མཛེས་སྡུག་ལྡན་པའི་ཡུན་ནན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་ཁྲིད་པར་བརྩོན་ལེན་བྱ་དགོས། ང་ཚོས་རི་སྔོན་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་གཏིང་ཟབ་བྱས་ཏེ།    རི་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོབ་དམག་འཐབ་ཆེན་པོ་གསུམ་མུ་མཐུད་གཏིང་ཟབ་བྱས་ཏེ།   རི་སྔོན་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱས་ནས་གསེར་རི་དང་དངུལ་རི་ལེགས་པོ་མངོན་འགྱུར་བྱེད་དགོས།  2024ལོར་ཞིང་ཆེན་ཡོངས་ཀྱི་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ལ་སླེབས་པ་དང་།    ཆུ་རྒྱུད་དྲུག་པོའི་རྒྱལ་མཚམས་ལས་བརྒལ་བའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་100%ཚད་ལ་སླེབས་པ།    ས་མཐོའི་མཚེའུ་སྲུང་སྐྱོང་བཅོས་སྐྱོང་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ།    མི་སྡོད་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།   ནུས་ཁུངས་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་ཝ་ཁྲི་1600གསར་དུ་བསྣན་པ་དང་།    གློག་ཤུགས་སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར་སྟོང་ཝ་དུང་ཕྱུར་1.5ལས་བརྒལ་བ།    གནོད་མེད་གློག་གིས་བཟུང་བའི་བསྡུར་ཚད་90%ལས་བརྒལ་བ།    ནུབ་ཕྱོགས་ཀྱི་གློག་ཤུགས་ཤར་ཕྱོགས་སུ་སྐྱེལ་འདྲེན་ཏུའུ་དུང་ཕྱུར་1600ལས་བརྒལ་ནས་22.9%འཕར་ཡོད།  ཞིང་ཆེན་རིམ་པའི་ཐཱན་མེད་གླིང་ཁུལ་10འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་སྐྱེ་ལྡན་ཐོན་རྫས་དང་ཐཱན་དམའ་བའི་ཐོན་རྫས་ཀྱི་ཁས་ལེན་གྲངས་འབོར་ཚང་མ་རྒྱལ་ཡོངས་ཀྱི་ཨང་2པར་སླེབས་པས“གནོད་མེད་གློག་རྫས+སྔོན་ཐོན་བཟོ་སྐྲུན་ལས་རིགས”དེ་འགྲན་རྩོད་ནུས་པ་ཆེ་ཤོས་ལྡན་པའི་ལེགས་ཆ་གསར་པ་ཞིག་ཏུ་གྱུར་ཡོད།  ང་ཚོས་སྲུང་སྐྱོང་སྔོན་ལ་བྱེད་པ་དང་།    སྦགས་བཙོག་བཅོས་སྐྱོང་གཙོ་བོར་འཛིན་པ།    ལྗང་མདོག་རྒྱ་སྐྱེད་རྨང་གཞིར་བྱེད་པ།    རིགས་སྒྱུར་གཙོ་བོར་བྱེད་པ།    འཕེལ་རྒྱས་རྩ་བར་འཛིན་པ་བཅས་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་བྱེད་སྟངས་ཀྱི་ལྗང་མདོག་དང་ཐཱན་དམའ་བའི་རིགས་སྒྱུར་མགྱོགས་སུ་གཏོང་བ་དང་།    ནུས་ཤུགས་ཡོད་རྒུས་ལྗང་མདོག་དང་ཐཱན་དམའ་བའི་ས་ཁོངས་ཀྱི་སྤུས་རྟགས་བསྐྲུན་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྣོད་བཅུད་རྨང་གཞི་བརྟན་པོ་འཛུགས་རྒྱུ་ཡིན།

“རྒྱུད་གཅིག་ལམ་གཅིག”ལྷོ་ཕྱོགས་ཀྱི་རྒྱལ་སྤྱིའི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་བྱ་རྒྱུར་དངོས་ཐོག་སྐུལ་འདེད་གཏོང་བ་དང་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཕྱོགས་ཀྱི་ཁྱབ་འགྱེད་ལྟེ་གནས་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས།  ང་ཚོས་བགྲོད་ལམ་ཆེན་པོའི་ཐོག་ནས་ཉོ་ཚོང་ཆེན་པོར་སྐུལ་ཁྲིད་དང་།    ཐོན་ལས་ཆེན་པོ་དང་ལེན་བྱེད་པ།    སྒོ་འབྱེད་ཆེན་པོར་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་ཀྲུང་ལའོ་ལྕགས་ལམ་རྒྱུད་ཀྱི་ཕྱོགས་བསྡུས་གསར་སྤེལ་ལ་སྐུལ་འདེད་གཏོང་དགོས། ཀོང་ཏུང་དང་ཡུན་ནན་དང་།    པེ་ཅིང་དང་ཡུན་ནན་གྱི“ལན་མེ་མྱུར་ལམ་+”རབ་དང་རིམ་པ་རྒྱལ་སྤྱིའི་ཟོག་འདྲེན་འཁོར་སྐྱོད་མེ་འཁོར་དང་ཁུན་མིང་ནས་ཐེ་ལན་ལ་ལང་བར་གྱི་རྣམ་པ་མང་བའི་མཉམ་འབྲེལ་སྐྱེལ་འདྲེན་མེ་འཁོར་གཏོང་རྒྱུ། རྒྱལ་ཡོངས་ཀྱི་རྒྱལ་མཚམས་ལས་བརྒལ་བའི་ཡུལ་སྐོར་མེ་འཁོར་ཐོག་མ་དེ་ཤར་གཏོང་བྱ་རྒྱུ།   ཀྲུང་ལའོ་ལྕགས་ལམ་ཤར་གཏོང་བྱས་ནས་ལོ་གསུམ་ལྷག་ཙམ་རིང་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་31དང་།  རྒྱལ་ཁབ་དང་ས་ཁུལ་19ལ་ཁྱབ་ནས། ཀྲུང་གོ་དང་ཡོ་རོབ་གླིང་གི་འགྲུལ་སྐྱེལ་མེ་འཁོར་དང་འབྲེལ་མཐུད་མངོན་འགྱུར་བྱས་ནས་རང་རྒྱལ་གྱིས་ཡོ་རོབ་གླིང་དང་འབྲེལ་མཐུད་བྱེད་པ་དང་།    ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཐད་ཀར་སླེབས་པའི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།    ཡུན་ནན་ནི་“རྒྱུད་གཅིག་ལམ་གཅིག”ལྷོ་ནུབ་ཕྱོགས་ཀྱི་སྒོ་ཆེན་གལ་ཆེན་ཡིན་པའི་ལྟེ་བའི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།  མེ་ཀུང་ཆུ་བོ་ཆེན་པོའི་ས་ཁོངས་ཕལ་པའི་དཔལ་འབྱོར་མཉམ་ལས་ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་བརྒྱད་པ་ཡུན་ནན་དུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ་དང་2024ལོའི་ཐེང་ཁྲུང་ཚན་རིག་མཁས་ཅན་གླེང་སྟེགས་སོགས་གྲུབ་འབྲས་གཡུར་དུ་ཐོན་པ་རེད། ང་ཚོས་རྒྱུན་ཆད་མེད་པར་“མཁྲེགས་པའི་སྦྲེལ་འབྲེལ”རྒྱ་སྐྱེད་དང་།    “མཉེན་པའི་སྦྲེལ་འབྲེལ”མུ་མཐུད་སྐུལ་འདེད་གཏོང་བ།    “སེམས་ཀྱི་སྦྲེལ་འབྲེལ”ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མཐའ་མཚམས་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་མགྱོགས་སུ་བཏང་ནས་འགག་སྒོ་དང་།    བགྲོད་ལམ།    ཁྲོམ་ར་བཅས་ཀྱི་“ཚེག་དང་།    ཐིག་ལམ།    ངོས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་སྒོ་འབྱེད་སྡེབ་སྒྲིག་བསྐྲུན་ནས་མཐའ་མཚམས་སྒོ་འབྱེད་ཀྱི་ས་མཐོ་གསར་པ་གཏོད་དགོས།   


  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་ནི་ཡུན་ནན་མདུན་ཕྱོགས་ཀྱི་ཁ་ཕྱོགས་དང་འབད་བརྩོན་གྱི་ཁ་ཕྱོགས་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་དང་ང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལག་བསྟར་བྱེད། “མཆོང་སྐྱོད་གཅིག”དང་ “ངེས་གནས་གསུམ”ལ་དམ་པོར་དམིགས་པ། རང་འགུལ་གྱིས་བསམ་བློ་གཏོང་། ནན་ཏན་གྱིས་ལས་ཀ་སྒྲུབ་པ། ཕན་འབྲས་ལ་བལྟ་བའི་ལས་ཀ་དམ་འཛིན་བྱེད་པའི་ “བྱ་ཐབས་གསུམ”གཏིང་ཟབ་ཏུ་བེད་སྤྱོད་བྱེད་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་རྣམ་པ་དང་།དངོས་སྒྲུབ་བྱ་ཐབས་ལ་བརྟེན་ནས་ལས་ཀའི་རྣམ་པ་གསར་པ་གཏོད་པ། སྔར་བས་གསར་པ་དང་སྔར་བས་མཛེས་སྡུག་ལྡན་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡུན་ནན་གྱི་ལེའུ་ཧུར་ཐག་རྩོམ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་བཀོད་སྒྲིག་གནང་བའི་མཛེས་སྡུག་ལྡན་པའི་འཆར་གཞི་དེ་བདེ་སྐྱིད་ཀྱི་ཡུལ་ལྗོངས་དངོས་སུ་འགྱུར་རྒྱུ།