རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ3ཚེས་3ཉིན་ནས་ཚེས་5ཉིན་བར་ཞིང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཡ་ལིན་གྱིས་བདེ་ཆེན་ཁུལ་དུ་བརྟག་ཞིབ་བྱེད་སྐབས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་བོད་འབྲེལ་ས་ཁུལ་གྱི་ལས་དོན་ཁག་ཡག་པོ་བྱས་ནས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་སྲུང་སྐྱོང་བྱས་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་གྱི་ལེའུ་གསར་པ་ཧུར་ཐག་འབྲི་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་སོགས་རང་ཁུལ་གྱི་འགོ་ཁྲིད་ཀྱིས་སོ་སོར་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཕེབས་རོགས་བྱས་པ་རེད།
འཇོལ་རྫོང་ཡེ་ཀྲི་གྲོང་རྡལ་དུ་དབྱང་ཡ་ལིན་གྱིས་ས་གནས་ས་ཐོག་ཏུ་འཇོལ་རྫོང་གི་ས་གཤིས་གནོད་འཚེ་འགོག་བཅོས་དང་ཉེན་འགོག་གནས་སྤོ་ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་རེད།དབྱང་ཡ་ལིན་གྱིས་རྫོང་གྲོང་གནས་སྤོ་བྱེད་པའི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱས་ཏེ། གནས་སྤོ་ཐུབ་པ་དང་། བརྟན་པོ། འཕེལ་རྒྱས་གཏོང་ཐུབ་པ་བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་རྣམ་གྲངས་དང་མ་དངུལ་གཅིག་གྱུར་གྱིས་བེད་སྤྱོད་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་ལས་དོན་ནན་ཏན་ཞིབ་ཚགས་ཀྱིས་ལེགས་པར་བསྒྲུབས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དེ་ལས་ཀའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞིར་བརྩིས་ནས་རྫོང་གྲོང་གནས་སྤོ་བདེ་བླག་ངང་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
དབྱང་ཡ་ལིན་དང་བཅས་པ་སྔ་རྗེས་སུ་སྟག་མཆོང་གྲོང་རོང་མངགས་གཏོང་ཁང་དང་། ཆུ་འཛོམས་ཞིབ་བཤེར་ས་ཚིགས། མཐའ་ཆུ་གྲོང་རྡལ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བཅས་སུ་འཐབ་ཕྱོགས་དང་པོའི་ཉེན་རྟོག་པར་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་བདེ་སྲུང་བརྟན་བརླིང་སྲུང་སྐྱོང་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་དང་བརྟག་ཞིབ་གནང་བ་རེད།དབྱང་ཡ་ལིན་གྱིས་ཚད་གཞི་མཐོན་པོ་དང་རྒྱལ་ཡོངས་ཚོགས་འདུ་གཉིས་སོགས་འགག་རྩའི་ཚིགས་ཚེག་གི་བདེ་སྲུང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལེགས་པར་བསྒྲུབས་ཏེ་བདེ་ཆེན་ཁུལ་གྱི་འཆམ་མཐུན་བརྟན་ལྷིང་གིས་རྒྱལ་ཡོངས་ཀྱི་འཆམ་མཐུན་བརྟན་ལྷིང་ལ་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་ཡོད། ཧུར་བརྩོན་རང་འགུལ་དང་སྔོན་འགོག་སྔོན་ལ་འཛིན་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་སྣང་མེད་ཁྱད་བསད་བྱས་ཏེ་རྒྱུན་ལྡན་རང་བཞིན་དང་ཡུན་རིང་ཕན་ནུས་གཙོ་བོར་འཛིན་དགོས་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་དང་ནུས་པ་འདོན་སྤེལ་བྱས་པ་བརྒྱུད་སྤྱི་ཚོགས་ཀྱི་དྲ་རྒྱ་ཅན་གྱི་ཞབས་ཞུའི་དོ་དམ་ཏན་ཏིག་དང་ཞིབ་ཕྲ་བྱས་ཏེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
བརྟག་དཔྱད་བྱེད་རིང་དབྱང་ཡ་ལིན་དང་བཅས་པ་ད་དུང་འབའ་ལུང་རྫོང་དམ་པ་དགོན་དུ་སོང་ནས་དགེ་འདུན་པ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་གནང་། དབྱང་ཡ་ལིན་གྱིས་ཁོང་ཚོར་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཏན་ལྡན་པ། ཀུན་སྤྱོད་ཐད་མང་ཚོགས་ལ་གོ་སྐོན་བྱེད་ཐུབ་པ། འགག་རྩའི་སྐབས་སུ་ནུས་པ་ཐོན་པ་བཅས་ཀྱི་ཚད་གཞི་བཞི་ནན་ཏན་གྱིས་ལག་ལེན་བསྟར་ནས་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་བརྟན་པོ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་སྐད་ཆ་ཉན་པ་དང་། ཏང་ལ་བཀའ་དྲིན་ཞུ་བ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ཏེ་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་སྲུང་སྐྱོབ་བྱེད་མཁན་དང་ལག་ལེན་བྱེད་མཁན་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།