སྐབས་དགུ་པའི་ཁུལ་ཨུའི་སྐོར་ཞིབ་ལས་དོན་རེས་སྐོར་བཅུ་གཉིས་པ་འཚོཊ་པ

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་3ཚེས་6ཉིན། སྐབས་དགུ་པའི་ཁུལ་ཨུ་ཡོན་ལྷན་ཁང་གི་རེས་སྐོར་བཅུ་གཉིས་པའི་སྐོར་ཞིབ་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལི་དབྱང་གིས་སྐུལ་སློང་བཀོད་སྒྲིག་བྱས་པ་རེད།


       ཚོགས་འདུའི་ཐོག་སྐོར་ཞིབ་ཚོ་ཆུང་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ཡང་དག་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་དང་ལག་ལེན་ནུས་ཤུགས་ཡོད་རྒྱུའི་ཁྲོད་རྨང་གཞི་སྲ་བརྟན་དུ་བཏང་ནས་ཡོན་ཏན་གསོ་སྐྱོང་དང་སེམས་གཅིག་སྒྲིལ་གྱིས་བླ་སྲོག་བསྐྲུན་ཏེ་འཐབ་རྩོད་ཀྱི་སྙིང་སྟོབས་དང་ནུས་ཤུགས་ཆེ་རུ་གཏོང་དགོས། ཐེངས་འདིའི་སྐོར་ཞིབ་ཀྱི་ཁྱད་ཆོས་དང་ལས་འགན་ལ་གནད་ལ་འཁེལ་བའི་སྒོ་ནས་དམིགས་ཏེ་སྐོར་ཞིབ་ཀྱི་འཇིགས་སྐུལ་ནུས་པ་དང་བརྟོལ་ནུས་སྔར་བས་མངོན་པར་བྱ་དགོས། གཅིག་གྱུར་འཆར་འགོད་མཐུན་སྦྱོར་བྱེད་ནུས་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ་རེས་སྐོར་འདིའི་སྐོར་ཞིབ་ལས་དོན་གྱི་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བྱ་དགོས།

    ཚོགས་འདུའི་ཐོག་སྐབས་དགུ་པའི་ཁུལ་ཨུ་ལྷན་གྱི་རེས་སྐོར་བཅུ་གཉིས་པའི་སྐོར་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་དང་ཙུའུ་ཀྲང་གཞོན་པས་དབང་ཆ་སྤྲོད་པ་དང་ལས་འགན་ལས་བགོས་ཀྱི་ཆོད་དོན་ཁྱབ་བསྒྲགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྐོར་ཞིབ་ཁུལ་ཨུས་སྐོར་ཞིབ་ཚོགས་ཆུང་4མངགས་ནས་བདེ་ཆེན་ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་ཅུས་དང་། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བདེ་ཆེན་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་སོགས་ཁུལ་ཐད་གཏོགས་སྡེ་ཚན་10ལ་སྐོར་ཞིབ་བྱས་པའི“ཕྱིར་ལྟ་”བྱས་པ་དང་།ཁུལ་དམངས་དོན་ཅུས་ལ་སྐབས་བསྟུན་སྐོར་ཞིབ་བྱེད་དགོས།