ལུའོ་ཁྲའོ་ཧྥེང་གིས་ཆེད་དོན་བརྟག་ཞིབ་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་3ཚེས་10ཉིན་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རང་གི་ཁུལ་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ལ་ཆེད་དོན་བརྟག་ཞིབ་བྱས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྱིས་དམངས་གཉེར་ཁེ་ལས་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་ནན་ཏན་དང་། ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་སྒོ་འབྱེད་མགྱོགས་སུ་གཏོང་བའི་ཚོང་འགུགས་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་དང་། རང་འགུལ་ངང་ཞབས་ཞུའི་ཁེ་ལས་རྗེས་འདེད་བྱས་ནས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་སྟེ་བདེ་ཆེན་དུ་ཁེ་ལས་ཀྱིས་བློ་བདེ་པོའི་ངང་དངུལ་འཇོག་དང་འཕེལ་རྒྱས་གཏོང་དུ་འཇུག་དགོས།
 ཚོགས་འདུ་མ་འཚོགས་གོང་ལུའོ་ཁྲའོ་ཧྥེང་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་ཁུལ་དངུལ་འཇོག་སྐུལ་འདེད་ཅུས་སུ་ཕེབས་ནས་ཁྲོམ་རའི་གཙོ་གཟུགས་གསོ་སྐྱོང་དང་ཚོང་འགུགས་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་རེད། དེ་རྗེས་འཚོགས་པའི་བརྟག་ཞིབ་བཞུགས་མོལ་ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཁྲོམ་རའི་གཙོ་གཟུགས་གསོ་སྐྱོང་དང་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར། ཐོན་ལས་ཀྱི་ཚོང་འདྲེན། ཁེ་ལས་ཀྱི་ཞབས་ཞུ་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་གནས་ཚུལ་སྙན་ཞུ་ནན་ཏན་གྱིས་ཉན་པ་རེད།
    ལུའོ་ཁྲའོ་ཧྥེང་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་ཁྲོམ་རའི་གསོན་ཤུགས་གསོ་སྐྱོང་དང་སྐུལ་མ་གཏོང་བ་དང་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་རེད། ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་ཁེ་ལས་འཕེལ་རྒྱས་གཏོང་བར་ཆ་རྐྱེན་བཟང་པོ་བསྐྲུན་དགོས། ཚོང་གཉེར་ཁོར་ཡུག་གི་ལམ་སྲོལ་སྔར་བས་འཐུས་ཚང་དང་ལེགས་སུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཁྲོམ་རའི་གཙོ་གཟུགས་གསོ་སྐྱོང་བྱ་རྒྱུར་དམ་འཛིན་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་རྣམ་གྲངས་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་དགོས། ཚོང་གཉེར་ཁོར་ཡུག་ཁྲིམས་སྐྱོང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་ལྟར་འདྲ་མཉམ་ངང་དམངས་གཉེར་དཔལ་འབྱོར་ལ་སྲུང་སྐྱོང་བྱ་དགོས། རྒྱུ་རྐྱེན་གཙོ་བོ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་དགོས། ཐོན་ལས་ཀྱི་ཚོང་འགུག་འབུར་དུ་ཐོན་དགོས། ཁེ་ལས་ལ་ཕྱོགས་ཡོངས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ཁེ་ལས་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་མཐུན་དང་སྒྲིག་མཐུན་སྔོན་འགྲོའི་ཆ་རྐྱེན་འོག ཁེ་ལས་ཀྱི་དངོས་ཡོད་ཀྱི་དཀའ་ངལ་ཐག་གཅོད་བྱེད་པར་རོགས་རམ་བྱས་ཏེ། “མི་ཚང་མ་ཚོང་གཉེར་གྱི་ཁོར་ཡུག་ཡིན་པ་དང་། གང་སར་ཚོང་གཉེར་གྱི་ཁོར་ཡུག་ཡིན”ཞེས་པའི་རྣམ་པ་ཟབ་མོ་ཧུར་ཐག་བསྐྲུན་དགོས།
     ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་། ཧུའུ་ཧྥེ་ཞུང། ཧོང་ལུང་ཤིན་བཅས་བརྟག་དཔྱད་ཞིབ་འཇུག་གི་བཞུགས་མོལ་ནང་ཞུགས་པ་རེད།