སྤྱི་ལོ2025ལོའི་ཟླ3ཚེས26ཉིན། གཟའ་ལྷག་པ།

ཁུལ་ཨུས་ཁུལ་ཡོངས་ཀྱི་དམངས་སྲོལ་གནས་ཚང་ཚད་ལྡན་དོ་དམ་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ3པའི་ཚེས12ཉིན། ཁུལ་ཨུས་ཁུལ་ཡོངས་ཀྱི་དམངས་སྲོལ་གནས་ཚང་ཚད་ལྡན་དོ་དམ་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ། ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་དམངས་སྲོལ་གནས་ཚང་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་ཞུ་ཉན་པ་དང་།    ལས་ཀའི་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ལ་ཞིབ་འཇུག་བྱས་ནས་གོམ་རིམ་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།   ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ།

    ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིག་གནས་དང་ཡུལ་སྐོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཞིང་ཨུའི་འབྲེལ་ཡོད་ལས་ཀའི་བླང་བྱ་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱེད་ནས།དམངས་སྲོལ་གནས་ཚང་ཚད་ལྡན་ངང་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་ལ། གོང་འོག་མཉམ་འགུལ་དང་མཉམ་སྡེབ་བྱས་ཏེ་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཏོད་དགོས་ཞེས་ནན་གྱིས་བསྟན།   

    ལུའོ་ཁྲའོ་ཧྥེང་གིས་ཏ་ལིའི་དམངས་སྲོལ་གནས་ཚང་ཚད་ལྡན་དོ་དམ་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་།བདེ་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བློ་ཁོག་ཆེན་པོས་འཚོལ་ཞིབ་གསར་གཏོད་བྱས་ནས་ཁུལ་ཡོངས་ཀྱི་སྡོད་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་ནས།    ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་དང་འགན་ནུས་སྡེ་ཚན་གྱིས་སེམས་ཐག་བཅད་ནས་དམངས་སྲོལ་གནས་ཚང་ཚད་ལྡན་དོ་དམ་བྱེད་པར་སྐུལ་འདེད་གཏོང་བ་དང་།    གཉེར་སྐྱོང་གཙོ་གཟུགས་ཀྱིས་གཉེར་སྐྱོང་ཚད་ལྡན་དུ་གཏོང་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ།    གཉེར་སྐྱོང་གཙོ་གཟུགས་ཀྱིས་ཁྲིམས་ལྟར་ཁྲལ་འཇལ་དུ་གཏོང་བ་དང་།    རང་རྟོགས་ངང་ཚད་བཀག་མཐོ་རུ་བཏང་ནས་གཅིག་གྱུར་བསྡུ་བ།    ཁྲིམས་ལྟར་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བཅས་བྱེད་དགོས།    ཏང་ཨུས་འགོ་ཁྲིད་བྱེད་པ་དང་།    སྲིད་གཞུང་གིས་གཙོ་འཛིན་བྱེད་པ།    སྡེ་ཚན་གྱིས་མཐུན་སྦྲེལ།    ཁྲོམ་རའི་གཙོ་གཟུགས་བཅས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལས་ཀའི་ཆེད་གཉེར་འཛིན་གྲྭ་བཙུགས་ནས་སྡེ་ཚན་རིམ་པ་ཁག་གི་འགན་འཁྲི་དམ་ཟབ་དུ་གཏོང་དགོས།དམངས་སྲོལ་གནས་ཚང་་ཁྲིམས་ལྟར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱས་ནས་འཕེལ་རྒྱས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས།    བདེ་འཇགས་ཀྱི་མ་མཐའི་ཐིག་བརྟན་སྲུང་དང་།    དམངས་སྲོལ་གནས་ཚང་གི་ཆོག་འཐུས་འགག་སྒོ་དང་ཚད་གཞིའི་འགག་སྒོ་དམ་འཛིན་ནན་པོ་བྱས་ཏེ་དམངས་སྲོལ་གནས་ཚང་ཚད་ལྡན་མཐོར་གཏོང་དང་བསྒྱུར་བཀོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།    

    ལས་རིགས་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལས་རིགས་ཀྱི་རང་གཅུན་ལ་ཤུགས་སྣོན་བརྒྱབ་ནས་དྲིལ་བསྒྲགས་རྫུན་མ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས།   དམངས་སྲོལ་གནས་ཚང་གི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་བ་དང་།    དཔལ་འབྱོར་གྱི་ཕན་འབྲས།    སྤྱི་ཚོགས་ཀྱི་ཕན་འབྲས།    སྣོད་བཅུད་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཟབ་བྱས་ཏེ་ལས་དོན་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    “རང་འགུལ་ངང་བསམ་བློ་གཏོང་བ་དང་།    ཏན་ཏིག་བྱེད་པ།    ཕན་འབྲས་ལ་ལྟ་བ”ཞེས་པའི་ལས་དོན་དམ་འཛིན་གྱི་“ཁག་གསུམ་”གཞིར་བཟུང་།    ནུས་ཤུགས་གཅིག་སྒྲིལ་བྱས་ནས་དམངས་སྲོལ་གནས་ཚང་ཚད་ལྡན་དོ་དམ་ལས་དོན་མཐའ་མཇུག་ཏུ་དམ་འཛིན་དང་ཕན་འབྲས་ཐོན་དགོས་ཞེས་ནན་གྱིས་བསྟན།

    ཁུལ་འགོ་ཁྲིད་ཁྲེན་ཆུན་དང་ལིན་ཧའོ།    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་དང་དེ་བཞིན་ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད།