དཔྱིད་དུས་ཀྱི་དྲོད་འཇམ་ལ་རོལ་བའི་ཡུན་ནན་གྱི་སྤྲེའུ་སྤུ་སེར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དཔྱིད་ཀའི་ཉིན་མོར་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་པད་མ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ། ཡུན་ནན་སྤྲེའུ་སྤུ་སེར་ནགས་ཚལ་གྱི་བར་དུ་ཕར་རྒྱུག་ཚུར་རྒྱག་དང་ཡང་ན་ཡལ་གའི་སྟེང་དུ་སྡོད་ངལ་གསོ་བྱེད་པ། ཡང་ན་ཁ་ཟས་འཚོལ་བའི་རྩེད་མོ་རྩེད་ཞོར་དཔྱིད་ཀའི་དུས་ཚོད་ལོངས་སུ་སྤྱོད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་སྣོད་བཅུད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བས་པད་མ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་གི་ཡུན་ནན་སྤྲེའུ་སྤུ་སེར་གྱི་གྲངས་འབོར་བརྟན་པོའི་ངང་འཕར་བཞིན་ཡོད།