ལུའོ་ཁྲའོ་ཧྥེང་གིས་ལས་བྱེད་པའི་ཁྱིམ་དུ་འཚམས་འདྲི་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་3པའི་ཚེས་15ཉིན་ནས་ཚེས་16ཉིན་བར།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཁྱིམ་དུ་ཕྱིན་ནས་འཚམས་འདྲིའི་ལས་དོནགནང་སྟེ།ལྟ་སྐུལ་དོ་དམ་དང་ཐུགས་ཁུར་དེ་ལས་བྱེད་པའི་ལས་ཀའི་ཁྱབ་ཁོངས་ཆུ་ཚོད་8ནས་ཕྱི་ཡི་འཚོ་བའི་ཁྱབ་ཁོངས་སུ་སྣུར་སྲིང་བྱས་པ་རེད།    

    ཁྱིམ་དུ་འཚམས་འདྲི་གནང་སྐབས།ལུའོ་ཁྲའོ་ཧྥེང་གིས་བཅར་འདྲི་བྱེད་ཡུལ་འགོ་ཁྲིད་དང་ཁྱིམ་མི་ལ་སློབ་སྦྱོང་དང་ལས་དོན་སོགས་གླེང་བ་བརྒྱུད་ནས།ཁོང་ཚོའི་ཁྱིམ་ཚང་གི་འཚོ་བ་དང་།    གཟུགས་པོའི་གནས་ཚུལ།    ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་།    ཁོང་ཚོའི་ལས་བྱེད་པའི་ལས་དོན་དང་ལས་བྱེད་པའི་སློབ་གསོ་དོ་དམ་ལྟ་སྐུལ་སོགས་ཐད་ཀྱི་བསམ་འཆར་དང་གྲོས་འགོ་ནན་ཏན་གྱིས་ཉན་པ་མ་ཟད།    ཁུལ་ཨུའི་ཚབ་ཞུས་ནས་བཅར་འདྲི་དང་ལེན་བྱེད་མཁན་འགོ་ཁྲིད་དང་ནང་མིར་འཚམས་འདྲི་གནང་བ་དང་།    ཚང་མས་བདེ་ཆེན་གྱི་བྱ་གཞག་ཁག་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱིམ་ཚང་དང་སྤྱི་ཚོགས་ལ་ཁྱིམ་ཚང་གི་སྲོལ་རྒྱུན་གྱི་གལ་ཆེའི་རང་བཞིན་རྒྱས་བཤད་གཏིང་ཟབ་ཐེངས་མང་བྱས་པ་མ་ཟད།    ཁྱིམ་ཚང་གི་སྲོལ་རྒྱུན་འཛུགས་སྐྱོང་ལ་མཐོང་ཆེན་བྱ་རྒྱུའི་ཐད་རེ་བ་དྲག་པོ་བཏོན་ཡོད།  འགོ་ཁྲིད་ལས་བྱེད་པ་དང་ཁྱིམ་མིས་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཞིབ་ཚགས་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁུར་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ།    སྤྱོད་གཙང་དཔལ་ཡོན་གྱི་ཁྱིམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱོད་གཙང་ཁྱིམ་ཚང་གཏོད་རྒྱུ་དང་།    འཆམ་མཐུན་ཁྱིམ་ཚང་སྐྲུན་རྒྱུ།    བདེ་སྐྱིད་ཁྱིམ་ཚང་སྲུང་སྐྱོང་བཅས་བྱ་དགོས།      ཡང་དག་པའི་དབང་ཆའི་ལྟ་བ་འཛུགས་པ་དང་།    གཉེན་ཉེའི་བརྩེ་བ་སྲུང་སྐྱོང་ཡག་པོ་བྱེད་པ།    ཁྱིམ་ཚང་གི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལས་བྱེད་པའི་སྤྱོད་གཙང་རང་གཅུན་ལ་སྲུང་སྐྱོབ་བྱེད་དགོས།  ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་རང་རྟོགས་ངང་ལག་ལེན་དང་རྒྱུན་འཛིན་བྱས་ཏེ།    ཀུན་སྤྱོད་ལ་བརྟེན་ནས་ཁྱིམ་ཚང་སྐྱོང་བ་དང་།    སྤྱོད་གཙང་མཛེས་པར་བརྩི་བ།    སྤྱོད་གཙང་ལ་བརྩི་བཀུར་བྱས་ནས་རུལ་སུངས་བཀག་འགོག་དང་།    གྲོན་ཆུང་ལ་བརྩི་བཀུར་བྱས་ནས་རྒྱས་སྤྲོས་ལ་བཀག་འགོག་བཅས་བྱས་ཏེ་སྤྱོད་གཙང་ལ་བརྩི་བཀུར་བྱེད་པའི་ཁྱིམ་ཚང་གི་རྣམ་པ་བསྐྲུན་དགོས།     ངག་སློབ་དཔེ་སྟོན་ལ་མཐོང་ཆེན་དང་།    ཡང་དག་པའི་སྒོ་ནས་བུ་ཕྲུག་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ།    ཀུན་སྤྱོད་འདུ་ཤེས་བཟང་པོ་ཆགས་པར་བྱས་ནས།    ཧུར་བརྩོན་དང་།    སྤྲོ་སྣང་ལྡན་པ།   ཡར་རྒྱས་བཅས་ཀྱི་ཁྱིམ་ཚང་གི་སྲིད་གཙང་རིག་གནས་དང་ཁྱིམ་སྲོལ་བཟང་པོ་འཛུགས་དགོས།  

    ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན།     བོད་འབྲེལ་ས་ཁུལ་གྱི་རིམ་པ་ཁག་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་དེའི་ནང་མི་ཡིན་པའི་ངོས་ནས་                                      སྒྲིག་ཁྲིམས་དང་སྒྲིག་སྲོལ་གྱི་འདུ་ཤེས་དེ་བས་བརྟན་པོ་འཛུགས་དགོས་པ་དང་།    ཐོག་མཐའ་བར་གསུམ་དུ་ཆབ་སྲིད་སྒྲིག་ཁྲིམས་དང་སྒྲིག་སྲོལ་ནན་སྲུང་བྱས་ཏེ།    ཏང་གི་སྒྲིག་ཡིག་དང་ཏང་ལུགས། ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་གཏམ་སྤྱོད་ཚད་ལྡན་ནན་པོ་བྱས་ཏེ།    གུང་ཁྲན་རིང་ལུགས་ཀྱི་ཕུགས་འདུན་དད་སེམས་བརྟན་པོ་ཡོང་བ་དང་།    ཡིན་མིན་ཆེན་པོའི་མདུན་དུ་དར་ཆ་གསལ་པོ་དང་ལངས་ཕྱོགས་བརྟན་པོ་ཡོང་བ་བཅས་བྱ་དགོས། ཏང་ཡོན་གྱིས་ཆོས་ལུགས་ལ་དད་མོས་བྱས་མི་ཆོགསོགས་མི་ཆོག་པ་བཞི་དོན་འཁྱོལ་ནན་པོ་བྱས་ཏེ།    ཐོག་མཐའ་བར་གསུམ་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་མོ་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་དགོས།    

བཅར་འདྲི་དང་ལེན་བྱེད་མཁན་འགོ་ཁྲིད་ལས་བྱེད་པ་དང་དེ་བཞིན་ཁྱིམ་མིས་གཅིག་རྗེས་གཉིས་མཐུད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ།    སྔར་རྒྱུན་ནང་མི་རྣམས་ཀྱི་ལས་དོན་ལ་ཤེས་རྟོགས་དང་རྒྱབ་སྐྱོར་བྱེད་ནས།    ཐུན་མོང་ཐོག་ཁུལ་ཡོངས་ཀྱི་སྤྱོད་ཚུལ་དྭངས་གཙང་དང་མཁའ་དབུགས་དྲང་བདེན་གྱི་ཆབ་སྲིད་སྣོད་བཅུད་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཞེས་བསྟན་པ་རེད།

ཁུལ་གྱི་འགོ་ཁྲིད་ལི་དབྱང་འཚམས་འདྲིར་ཞུགས།