ཤྭ་ཁ་རི་བོ་ནས་གངས་འཁྱགས་སུ་རྐང་ཐང་མར་འགྲོ་བའི་བྱེད་སྒོ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་3ཚེས་15ཉིན།    བདེ་ཆེན་ཁུལ་གསར་སྤེལ་མ་འཇོག་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་བདེ་ཆེན་ཁུལ་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་“སེམས་ཀྱི་ཉི་ཟླའི་སྦས་ཡུལ་དུ་དཔའ་ངར་ཆེན་པོས་བསྐྱོད།· ཤྭ་ཁ་རི་བོའི་གངས་འཁྱགས་སུ་རྐང་ཐང་མར་འགྲོ་བའི་བྱེད་སྒོ་”སྤེལ་བ་རེད།ཁུལ་ཕྱི་ནང་ནས་ཡོང་བའི་ཕྱི་རོལ་གྱི་ལུས་རྩལ་ལ་དགའ་མཁན་ཚོས་ཤྭ་ཁ་རི་བོ་ནས་གངས་འཁྱགས་ཀྱི་ཡུལ་སྐོར་ཞིག་གི་སྒོ་ཕྱེ་པ་རེད།