བདེ་ཆེན་ཁུལ་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཁེ་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ3པའི་ཚེས19ཉིན།བདེ་ཆེན་ཁུལ་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཁེ་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཚོགས་འདུ་དེ་སེམས་ཀྱི་ཉི་ཟླ་མགྲོན་ཁང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ནན་ཏན་སྒོས་ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཚོང་འགུག་ཚོགས་ཆེན་སྒོ་དབྱེ་མགྱོགས་སུ་གཏོང་བའི་བཀོད་སྒྲིག་བླང་བྱ་ལག་བསྟར་བྱས་ཏེ།    ཁུལ་ཡོངས་གོང་འོག་གིས་ཚོང་གཉེར་ཁོར་ཡུག་སྔར་བས་དམ་འཛིན་བྱེད་པ་དང་ཚོང་འགུགས་མ་འདྲེན་ལ་དམ་འཛིན་ཤུགས་ཆེན་བྱེད་པ།    དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་ཀྱི་ཁ་ཕྱོགས་གསལ་པོ་དང་རྣམ་པ་ཟབ་མོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།    

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཡན་ལན་དང་།    ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ། རྒྱལ་ཁབ་ནུས་རྒྱུ་མ་འཇོག་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་འབྲི་ཆུའི་ཡན་ལག་ཀུང་སིའི་ཏང་ཨུ།    ལག་བསྟར་ལས་འཛིན་པ་དབྱང་རུང་ཚོགས་འདུར་ཞུགས་པ་རེད།    

    ཚོགས་འདུའི་ཐོག་ཉེ་བའི་ལོ་3རིང་ཐོན་ལས་མ་འཇོག་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཁེ་ལས་དང་། ཚོང་འགུག་ལ་བརྟེན་ནས་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཚན་པར་བརྡ་ཁྱབ་བཏང་བ་དང་།   བདེ་ཆེན་ཁུལ་གྱི་ཚོང་འགུག་བློ་འདྲི་བ་ཁག་དང་པོ་གདན་ཞུ་གནང་བ།     2025ལོ་འཁོར་གྱི་བདེ་ཆེན་ཁུལ་གྱི་ཁེ་ལས་ལ་ཕན་པའི་བྱ་བ་དངོས་10་ཡི་གསལ་ཐོ་ཁྱབ་བསྒྲགས་བྱས་པ་མ་ཟད། བདེ་ཆེན་ཁུལ་གྱི་ཚོང་འགུག་བྱ་ཐབས་དྲིལ་བསྒྲགས་དང་མཚམས་སྦྱོར་བྱས་པ་རེད།  

    ཀྲང་ཝེ་ཏུང་གིས་ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།    ཁུལ་སྲིད་གཞུང་།    ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཚོགས་འདུར་ཞུགས་པའི་ཁེ་ལས་པ་དང་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་།    ཚང་མས་དུས་ཡུན་རིང་པོའི་ནང་བདེ་ཆེན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་རྒྱ་ཆེའི་ཁེ་ལས་པ་རྣམས་ཀྱིས་མུ་མཐུད་དུ་བདེ་ཆེན་ལ་དོ་ཁུར་དང་།    རྒྱུས་ལོན།    མ་འཇོག་བྱེད་པར་གདན་འདྲེན་ཞུས་པ་རེད།    

    ཀྲང་ཝེ་ཏུང་གིས་གོམ་སྟབས་རྗེས་མར་བདེ་ཆེན་གྱིས“གཡོ་འགུལ་སྤུ་ཙམ་ཡང་མེད་པ་གཉིས”ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་ནན་ཏན་བྱས་ཏེ།    ཁྲོམ་རའི་ཆོག་འཐུས་དང་།    སྲིད་གཞུང་གི་ཉོ་སྒྲུབ།    སུས་འཇོན་དེ་འགུག་དང་སུ་འཇོན་དེ་ལེན་སོགས་ཁྱབ་ཁོངས་ཀྱི་མངོན་མེད་ཚད་གཞི་དང་བཀག་རྒྱ་མཐའ་གཅིག་ཏུ་གཏོར་ནས་ཁེ་ལས་སྣ་ཚོགས་བདེ་ཆེན་དུ་དབྱར་མཚོ་རྒྱས་པ་ལྟར་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་རྒྱུ།    ཐོག་མཐའ་བར་གསུམ་དུ་ཁས་ལེན་ཡོད་པར་ངེས་པར་དུ་ལག་ལེན་བསྟར་བ་དང་།    ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ། བདེ་ཆེན་ཁུལ་གྱི་ཁེ་ལས་ཐོབ་ཁྲལ་གྱི་འབྲེལ་ཡོད་སྲིད་ཇུས་མུ་མཐུད་བེད་སྤྱོད་ཡག་པོ་བྱས་ཏེ།    ཚོང་འགུག་ཁེ་ལས་ལ་གན་རྒྱ་བཞག་པ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པའི་བར་གྱི་འཁོར་ཡུན་ཡོངས་ཀྱི“ལུས་འབྲེལ་ཞབས་ཞུ”ལག་བསྟར་བྱས་ནས།    ཁེ་ལས་ལ་འཕེལ་རྒྱས་ཀྱི་སེམས་ཁྲལ་མེད་པར་འགན་ལེན་ཏན་ཏིག་བྱ་དགོས། ཐོག་མཐའ་བར་གསུམ་དུ་རེ་འདུན་ཡོད་པར་ངེས་པར་དུ་དང་ལེན་བྱེད་པ་དང་དོན་དག་གང་རུང་ལ་བར་ཆད་མི་བྱེད་པ།    ལས་ཆོད་ཆེ་ཞིང་མགྱོགས་མྱུར་གྱི་སྲིད་དོན་ཁོར་ཡུག་སྔར་བས་བསྐྲུན་རྒྱུ་དང་།    ཁྲོམ་རའི་གཙོ་གཟུགས་ཀྱི་འཕེལ་རྒྱས་ཁོར་ཡུག་སྔར་བས་མཐོ་རུ་གཏོང་རྒྱུ།    ཁྲིམས་ལྟར་ཁ་དན་ཚིག་གནས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་སྔར་བས་འཐུས་ཚང་དུ་གཏོང་རྒྱུ།    དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་སྔར་བས་བསྐྲུན་ནས་ཁེ་ལས་ལ་བློ་རྩེ་གཅིག་ཏུ་སྒྲིལ་ནས་སེམས་བདེ་ངང་འཕེལ་རྒྱས་གཏོང་དུ་འཇུག་རྒྱུ་ཞེས་བསྟན་པ་རེད།

    རྒྱལ་ཁབ་ནུས་ཁུངས་མ་འཇོག་ཚོགས་པའི་ཚད་ཡོད་འགན་འཁྲི་ཀུང་སིའི་འབྲི་ཆུའི་ཡན་ལག་ཀུང་སི་དང་།    ཡུན་ནན་བདེ་ཆེན་མདོག་ལྡན་ལྕགས་རིགས་ཚད་ཡོད་འགན་འཁྲི་ཀུང་སི།    བདེ་ཆེན་ཁུལ་ཧྥུའུ་ཅན་ཚོང་ཚོགས།    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཐེན་ཆོན་ཁྲོན་པེ་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ། ཁུལ་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་དང་ཁུལ་ནགས་ཚལ་རྩྭ་ཐང་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་རྣམ་འགྱུར་བསྟན་ནས་ཁས་ལེན་གནང་བ་རེད།    

    ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།    ཁུལ་སྲིད་གཞུང་།    ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་པའི་ཁོངས་མི།   ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་། ཁུལ་ཕྱི་ནང་གི་ཁེ་ལས་70ལྷག་ཙམ་དང་ཚོང་ལས་མཐུན་ཚོགས་14ཚོགས་འདུར་ཞུགས་པ་རེད།     ཚོགས་འདུ་དེ་བརྙན་ལམ་ཐོག་ནས་རྫོང་(གྲོང་ཁྱེར)ཁག་དང་ཐོན་ལས་གླིང་ཁུལ་དུ་འཚོགས་པ་རེད།