སྤྱི་ལོ2025ལོའི་ཟླ3ཚེས26ཉིན། གཟའ་ལྷག་པ།

ཞི་ཅིན་ཕིང་གིས་ཡུན་ནན་ལི་ཅང་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སྤྱི་ཚེས་19ཉིན་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡུན་ནན་ཞིང་ཆེན་ལི་ཅང་གྲོང་ཁྱེར་དུ་ཕེབས་གནང་བ་དང་སྔ་རྗེས་སུ་ལི་ཅང་དེང་རབས་མེ་ཏོག་ཐོན་ལས་གླིང་དང་ལི་ཅང་གནའ་གྲོང་ལ་རྟོག་ཞིབ་གནང་ཞིང་ས་གནས་དེས་ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་གཏོང་བ་དང་། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཚུལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།