རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ3པའི་ཚེས20ཉིན། 250MW/500MWhགློག་རྫས་འགྱུར་རང་ཚུགས་ནུས་གསོག་གློག་ཁང་རྣམ་གྲངས་ལས་འགོ་འཛུགས་པའི་མཛད་སྒོ་ཡུན་ནན་སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ་ཆིང་ཁོའུ་ཁུལ་དུ་འཚོགས་པ་དེ་ཡུན་ནན་གྱི་གློག་དྲ་གཞོགས་ཀྱི་རང་ཚུགས་ནུས་གསོག་དཔེ་སྟོན་ལས་གྲྭ་དང་པོ་སེམས་ཀྱི་ཉི་ཟླར་གཞིས་ཆགས་པ་མཚོན་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་། ཀོང་ཏ་གནམ་སྔོན་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་(པེ་ཅིང་)་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དབྱང་ཧྭ་ཧྥེང་།ཅུན་ཧོ་ཏུང་ཧྥང(པེ་ཅིང་)་ནུས་ཁུངས་གསར་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཡུས་ཞིན་བཅས་ལས་འགོ་ཚུགས་མཛད་སྒོར་ཞུགས་པ།
“ལོ་ལྔ་ཚན་བཅུ་བཞི་པའི”ནུས་རྒྱུ་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་གློག་ཁང་དེས་གློག་དྲ་གཞོགས་ཀྱི་རང་ཚུགས་ནུས་གསོག་གསར་གཏོད་བྱེད་སྟངས་བརྒྱུད་ནས་བསྐྲུན་རྗེས་མཆོང་སྐྱོད་ཆེན་པོ་གསུམ་མངོན་འགྱུར་བྱ་རྒྱུ་ཡིན་པ་སྟེ།མ་ལག་ལེགས་སུ་གཏོང་རྒྱུའི་ཐད་ནུས་གསོག་ཤོང་ཚད་500MWhགསར་དུ་བསྣན་ནས་ཡུན་ནན་ནུབ་བྱང་གི་རྩེ་སྙོམས་སྒྲིག་ནུས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།རྨང་གཞིའི་འཛུགས་སྐྲུན་གྱི་ཕན་འབྲས་ཆེ་རུ་གཏོང་བའི་ཐད་གློག་འདྲེན་དང་གློག་སྒྱུར་སྒྲིག་ཆས་ལ་མ་འཇོག་ལྷག་མ་ཉུང་དུ་བཏང་ནས་གློག་དྲའི་རྒྱུ་ནོར་གྱི་ལས་ཆོད་30%མཐོ་རུ་གཏོང་རྒྱུ་ཡིན་པ།འབྱུང་འཕྲོད་གོང་འཕེལ་ཐད་ལོ་ལྟར་ནུས་ཁུངས་གསར་པ་500GWhབསྡུ་ལེན་ནུས་པ་ཆེ་རུ་གཏོང་བ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་42ཉུང་དུ་གཏོང་རྒྱུ་ཡིན་པ་རེད། རྣམ་གྲངས་དེར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་7.5ཙམ་བཏང་བ་དང་། སྤྱིའི་ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་18800ཡོད་པ་རེད། གློག་ཁང་དེར་སྔོན་བཟོའི་གྲུ་ཁང་རྣམ་པའི་མ་ལག་འདུས་གྲུབ་ལག་རྩལ་སྤྱད་དེ་ལིན་སྐྱུར་ལྕགས་ལིས་གློག་རྫས་དཔེ་དབྱིབས་སོགས་སྔོན་ཐོན་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པ་དང་འཛུགས་སྐྲུན་དུས་ཡུན་བསྡོམས་པའི་ཟླ་བ་10ཡིན་པ་རེད།
250MW/500MWhགློག་རྫས་འགྱུར་རང་ཚུགས་ནུས་གསོག་རྣམ་གྲངས་དེ་སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ་དུ་ཆགས་པ་དེ་རང་ཁུལ་གྱིས་འབྱུང་འཕྲོད་གོང་འཕེལ་གྱི་འདུ་ཤེས་ལག་བསྟར་དོན་འཁྱོལ་དང་ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་རེད།རྣམ་གྲངས་ལེགས་གྲུབ་དང་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། གླིང་ཁུལ་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བསྣན་རྒྱུ་ཡིན་པ་དང་། གླིང་ཁུལ་གྱི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བ་དང་། གནོད་མེད་ཐོན་ལས་འཕེལ་རྒྱས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།
ལས་འགོ་འཛུགས་པའི་མཛད་སྒོའི་ཐོག་ཅུན་ཧོ་ཏུང་ཧྥང(པེ་ཅིང་)་ནུས་ཁུངས་གསར་པ་ཚད་ཡོད་ཀུང་སི་དང་། ཀྲུང་གོའི་ཉིང་རྡུལ་བཟོ་ལས་ཀྲུང་ཡོན་ཀུང་སི། ཀྲུང་ཧྲན་གློག་ཤུགས་ཇུས་འགོད་གླིང་ཚད་ཡོད་ཀུང་སི། ཧྲན་ཏུང་ཏེ་ཅིན་ནུས་ཁུངས་གསར་པ་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁེ་ལས་ཀྱི་འཐུས་མི་དང་དེ་བཞིན་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བས་སོ་སོར་ཤིས་ཚིག་གསུངས་པ་རེད།
ཁུལ་གྱི་འགོ་ཁྲིད་ཧོང་ལུང་ཞིན་དང་ཀྲོང་ཞའོ་ཕིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ལས་འགོ་འཛུགས་པའི་མཛད་སྒོར་ཞུགས་པ་རེད།