ཞི་ཅིན་ཕིང་གི་གསུང་བཤད་དགོངས་དོན་ལ་བདེ་ཆེན་དུ་ལན་ཆ་ཆེན་པོ་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    2025ལོའི་ཟླ་3ཚེས་19ཉིན་ཚེས20ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་ཡུན་ནན་དུ་དངོས་སུ་རྟོག་ཞིབ་གནང་བ་དེ་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་དང་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་དང་།    ཡུན་ནན་དེང་རབས་ཅན་འཛུགས་སྐྲུན་གྱི་འགྲུལ་བཞུད་གསར་པའི་ཐོག་གི་དོན་དག་གལ་ཆེན་ཞིག་ཡིན་ལ། མཐའ་མཚམས་མི་རིགས་ཁག་གི་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་སྤྲོ་སྣང་གི་དོན་དག་ཅིག་ཡིན་ཞིང་། མཐའ་མཚམས་མི་རིགས་ཁག་གི་མི་དམངས་ལ་བརྩེ་དུང་ཟབ་མོ་དང་། ཡུན་ནན་གྱི་བསྒྱུར་བཅོས་འཕེལ་རྒྱས་ལ་དམིགས་བསལ་སེམས་ཁུར་བྱེད་པ། ཀྲུང་གོ་རྣམ་པའི་དེང་རབས་ཅན་དུ་འགྱུར་བའི་ཡུན་ནན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཟབ་མོ་གང་ལེགས་མཚོན་ཡོད།  ཉིན་འགའི་རིང་ལ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་བྱེད་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་ཚུར་སྣང་ལན་ཆ་བྱུང་ཡོད་ཅིང་།རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་བསམ་བློ་བཅིངས་འགྲོལ་དང་།  གསར་གཏོད།    བསྒྱུར་བཅོས།   ཧུར་བརྩོན་ཡར་རྒྱས་དང་དམ་འཛིན་དངོས་སྒྲུབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་བདེ་ཆེན་འཕེལ་རྒྱས་ཀྱི་གནས་བབ་གསར་པ་གཏོད་རྒྱུ་ཞེས་བསྟན་ཡོད།