རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་བསྟན་དོན། ཡུན་ནན་གྱི་སྣོད་བཅུད་གནས་བབ་གལ་ཆེན་ཡིན་པས་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་ལ་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་དུ་བསྐྱོད་ནས་རང་རྒྱལ་ལྷོ་ནུབ་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་བཀག་རྒྱ་བརྟན་པོ་འཛུགས་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྣོད་བཅུད་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྡོ་བྱེ་ཐང་ཅན་དང་། ས་ཆུ་ཤོར་བ། འབབ་རྒྱུད་ཆུང་ཆུང་བཅས་ཕྱོགས་བསྡུས་བཅོས་སྐྱོང་མུ་མཐུད་སྤེལ་དགོས། རྒྱལ་ཁབ་ས་ཆའི་བར་སྟོང་སྤྱོད་ཡུལ་དོ་དམ་དང་སྣོད་བཅུད་ཁོར་ཡུག་ཁུལ་དབྱེ་དོ་དམ་དོ་དམ་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གཙོ་གནད་ཁྱབ་ཁོངས་ཀྱི་སྦགས་བཙོག་འགོག་བཅོས་དང་གཙོ་གནད་མཚེའུ་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཡུན་ནན་པདྨ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་ཅུས་ཀྱི་མཐོ་རིམ་བཟོ་སྐྲུན་པ་ཧོ་ཞིན་མིང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་འགྲུལ་བཞུད་གསར་པའི་ཐོག་ཡུན་ནན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་བྱས་པ་དང་སྒུལ་ཤུགས་བསྣན་ཡོད།ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྣེ་ཁྲིད་བྱས་ཏེ་བདེ་ཆེན་གྱི་སྔོ་ལྗང་རི་ཆུ་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་སྣོད་བཅུད་སྔོན་ལ་སྤེལ་བ་དང་། ལྗང་མདོག་འཕེལ་རྒྱས། ཁེ་ཕན་མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འགྲོ་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་རང་རྒྱལ་ལྷོ་ནུབ་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་བཀག་རྒྱ་བརྟན་དུ་གཏོང་ཆེད་བདེ་ཆེན་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡུན་ནན་དུ་རྟོག་ཞིབ་བྱེད་པར་ཡོང་ཐེངས་རེར་ཡུན་ནན་གྱི་སྐྱེ་ཁམས་གནས་བབ་ཀྱི་གལ་ཆེའི་རང་བཞིན་ནན་བཤད་བྱེད་ཀྱི་ཡོད། དེ་ནི་ཡུན་ནན་གྱི་ཞིང་ཆེན་གྱི་གནས་ཚུལ་དང་ཁྱད་ཆོས་ལ་གཞིགས་ནས་བརྡར་ཤ་གཅོད་པ་ཞིག་ཡིན་ལ། ཀྲུང་དབྱང་གིས་ཡུན་ནན་ལ་བཅངས་པའི་རེ་བ་ཞིག་ཀྱང་ཡིན། ཡུན་ནན་པད་མ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་ཅུས་ཀྱི་ལས་དོན་མི་སྣ་ཡིན་པའི་ངོས་ནས་སྐུལ་མ་ཐེབས་པ་ཞིག་རེད།
སྣོད་བཅུད་གནས་ཡུལ་གྱི་ངོས་ནས་བརྗོད་ན། ཡུན་ནན་པདྨ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་འབྲི་ཆུ་དང་ཟླ་ཆུའི་སྟོད་རྒྱུད་ས་ཁུལ་དུ་གནས་པ་དང་ས་ཁོངས་ཀྱི་ས་ཆུ་སྲུང་སྐྱོང་དང་ཆུ་ཁུངས་སྲུང་སྐྱོང་སོགས་ལ་ནུས་པ་གལ་ཆེན་ཐོན་གྱི་ཡོད་པས་གཙང་ཆུ་བོ་གཉིས་ཀྱི་སྣོད་བཅུད་འགོག་སྲུང་གལ་ཆེན་ཞིག་རེད།སྐྱེ་དངོས་སྣ་མང་རང་བཞིན་གྱི་ངོས་ནས་བརྗོད་ན། སྲུང་སྐྱོབ་ཁུལ་དེ་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚ་གནད་ས་ཁུལ་གྱི་གྲས་ཤིག་གི་ཀྲུང་གོའི་ལྷོ་ནུབ་རི་སར་གནས་པ་དང་། སྲོག་ཆགས་དང་། རྩི་ཤིང་། སྐྱེ་དངོས་ཕྲ་རབ་བཅས་ཀྱི་སྣ་མང་རང་བཞིན་ཕུན་སུམ་ཚོགས་པས་རྒྱུད་འཛིན་སྣ་མང་རང་བཞིན་གྱི་བང་མཛོད་དང་རང་བྱུང་ཐོན་ཁུངས་གལ་ཆེན་ཞིག་རེད། གཞན་ཡང་བདེ་ཆེན་ནི་ཡུན་ནན་སྤྲེའུ་སྤུ་སེར་གྱི་ཕ་ཡུལ་ཡིན་ཞིང་། ཡུན་ནན་པདྨ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་དེ་བཞིན་མཐའ་འཁོར་གྱི་ཡུན་ནན་སྤྲེའུ་སྤུ་སེར་གྱི་ཁྱུ་ཚོགས་ནི་དུས་རབས་གོང་མའི་ལོ་རབས་80པའི་ཁྱུ་ཚོགས་7གྱི་གྲངས་ཀ500ལྷག་ཙམ་ནས་མིག་སྔའི་ཁྱུ་ཚོགས་14ཡི་གྲངས་ཀ2500ལྷག་ཙམ་བར་མང་དུ་ཕྱིན་ནས་རྒྱལ་ཡོངས་ཀྱི་ཁྱུ་ཚོགས་ཀྱི་65%ཟིན་ནས་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད།
པོ་ཏ་མཚོ་ཡུལ་སྐོར་ལས་རིགས་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་ལི་ཅུན།
གོམ་སྟབས་རྗེས་མར་ང་ཚོས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་ལས་དོན་དང་ཐོན་ཁུངས་སྣ་ཚོགས་རྟོག་ཞིབ་ལས་དོན་ཡག་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་སྐོར་སྲུང་དང་སྲུང་སྐྱོང་འཆར་གཞི་བཟོས་པ་དང་། ཕྱོགས་གཅིག་གི་ཆུ་ལྗང་དང་རི་ལྗང་སྲུང་སྐྱོང་ཡག་པོ་བྱས་ཏེ་རང་རྒྱལ་ལྷོ་ནུབ་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་བཀག་རྒྱ་བརྟན་པོ་འཛུགས་ཆེད་ང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཐུས་ཚང་དུ་བཏང་ནས་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། གོམ་སྟབས་རྗེས་མའི་ལས་ཀའི་ཁྲོད་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་(མཛེས་ལྗོངས་ཁུལ་)གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་ཡག་པོ་བྱ་རྒྱུ་ཡིན་པ་དང་། སྐྱེ་ཁམས་སྔོན་ལ་སྤེལ་བ་དང་། ལྗང་མདོག་འཕེལ་རྒྱས། ཁེ་ཕན་མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འགྲོ་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་ཡུན་ནན་གྱི་སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་ཡིན།