རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-25   རྩོམ་ཁུངས།    ཁམས་པའི་བརྙན་འཕྲིན།
མི་མང་པོ་ཞིག་ཞོ་འཐུང་རྒྱུར་དགའ་པོ་ཡོད་ལ་འགའ་རེ་ཞོ་སྐྱུར་པོར་དགའ་ཞིང་འགའ་རེ་ནི་ཞོ་མངར་མོར་དགའ་བ་སོགས་རང་རང་གི་དང་ག་དང་མཐུན་པའི་ཞོ་ནི་འཚོ་བའི་ཁྲོད་འབྲལ་ཐབས་མེད་པའི་ཟས་རིགས་ཤིག་ཏུ་ཆགས་ཡོད། དེས་ན་ཞོ་ལ་འཚོ་བཅུད་བཟང་པོ་ཡོད་མེད་དང་རྒྱུན་པར་འཐུང་ན་ལུས་ལ་འཕྲོད་མིན་སོགས་ཀྱི་འགྲེལ་བཤད་འདི་ལ་གཟིགས་པར་ཞུ།
༡
ཞོ་ཉོ་དུས་སྡེབ་རྫས་ཚད་ལྡན་ཡིན་མིན་ལེགས་པོ་ལྟ་བ།
ཞོ་ནི་ནོར་ལུག་སོགས་ཀྱི་འོ་མའམ་ཡང་ན་འོ་ཕྱེ་ལས་བཟོས་པ་ཡིན་ལ། སྲིན་སེལ་བྱས་ནས་འོ་མ་བསྙལ་རྗེས་གྲུབ་པའི་འོ་རྫས་ཤིག་ཀྱང་ཡིན། འདིའི་ནང་འོ་མའི་འཚོ་བཅུད་འཛོམས་ཡོད་པ་མ་ཟད། སྤུས་ལེགས་སྤྲི་དཀར་རྫས་དང་། ཀལ། ཕན་སྐྱེས་སྲིན་སོགས་འདུས་ཡོད། ད་དུང་སྐྱེ་ཕྲན་སྤྱད་ནས་སྐྱུར་བསྙལ་བྱས་པའི་ཞོ་ཡི་འཚོ་བཅུད་ཇེ་མང་ཕྱིན་ཡོད་པ་རེད། ཚང་མས་ཞོ་ཉོ་དུས་འཚོ་བཅུད་གྲུབ་ཆ་དང་སྡེབ་རྫས་རེའུ་མིག་ལ་ཞིབ་ཏུ་བལྟ་དགོས་པ་མ་ཟད། སྤྲི་དཀར་རྫས་འདྲེས་ཚད་དང་། སོལ་ཆུ་འདྲེས་རྫས་འདུས་ཚད། སྡེབ་རྫས་རེའུ་མིག་སོགས་ལ་དོ་སྣང་གཙོ་བོ་བྱ་དགོས་པ་རེད།
༢
ཚོང་རའི་ནང་གི་ཞོ་རིགས་ཤིག་ལ་དཔེ་བཞག་ནས་སྡེབ་རྫས་རེའུ་མིག་ལ་ལྟ་བ།
སྤྲི་དཀར་རྫས་འདྲེས་ཚད། སྤྱིར་བཏང་ཞོ་ཁེ་༡༠༠རེར་སྤྲི་དཀར་ཁེ་༣.༨འདྲེས་ཡོད། རྒྱལ་ཁབ་ཀྱི་ཚད་གཞི་ལས་མཐོ་བའི་ཞོའི་ནང་གི་སྤྲི་དཀར་འདུས་ཚད་༢.༩%ཡན་ཡིན་དགོས།
སོལ་ཆུ་འདྲེས་རྫས་འདུས་ཚད། སོལ་ཆུ་འདྲེས་རྫས་ཀྱི་འདུས་ཚད་ནི་ཞོ་ཁེ་༡༠༠རེར་སོལ་ཆུ་འདྲེས་རྫས་༤.༧འདུས་ཡོད། འདི་ལྟ་བུའི་སྡེབ་རྫས་རེའུ་མིག་ཡོད་པའི་ཞོ་ལ་མངར་རྫས་ལྷག་མ་བསྣན་མེད་པ་རེད། འོ་མ་ལ་རང་བཞིན་གྱིས་མངར་ཆ་༥%ཙམ་འདུས་ཡོད། མངར་ཆ་ནི་འོ་མའི་ནང་འདུས་པའི་སོལ་ཆུ་འདྲེས་རྫས་གཅིག་པུ་དེ་ཡིན། མངར་ཆ་༥%ཡས་མས་ཀྱི་ཞོ་ནི་ཕལ་ཆེར་མངར་ཆ་ལྷག་མ་བསྣན་མེད་པའི་ཞོ་ཡིན།
སྡེབ་རྫས་འདྲེས་ཚད་ཀྱི་རེའུ་མིག སྡེབ་རྫས་རེའུ་མིག་ནི་བཀོལ་ཚད་མང་ཉུང་ལྟར་རེ་རེ་བཞིན་བྲིས་ཡོད། སྤྱིར་བཏང་ཡིན་ན་སྡེབ་རྫས་འདྲེས་ཚད་ཀྱི་རེའུ་མིག་ནང་འཁོད་པའི་འདྲེས་རྫས་སྣེ་ཇི་ཙམ་ཉུང་ན་དེ་ཙམ་ལེགས་པ་ཡིན་པས་ཞོ་ཉོ་དུས་ཞོ་ཕོར་བ་གང་ངམ་ཤོག་སྒམ་རེ་རེའི་ནང་སྤྲི་དཀར་རྫས་ཁེ་༢.༩དང་།
སོལ་ཆུ་འདྲེས་རྫས་ཁེ་༥ཡས་མས་ཅན་ཉོས་ན་ཞོ་དེ་འདྲེས་རྫས་མང་པོ་མེད་པའི་ཞོ་གཙང་མ་དང་ཚད་ལྡན་ཡིན་པ་རེད།
༣
རྒྱུན་པར་ཞོ་མང་ཙམ་འཐུང་ན་གཟུགས་པོར་ལེགས་སམ།
ཞོ་དག་མ་དང་ཚད་ལྡན་ཡིན་ན་ཉིན་རེར་ཕོར་བ་གང་འཐུང་ན་གཟུགས་པོ་ལ་ཕན་ཐོགས་ཅི་ཡོད་དམ།
འོ་མའི་ནང་གི་ང་ཚོའི་ལུས་པོར་དགོས་པའི་སྤུས་ལེགས་སྤྲི་དཀར་རྫས་རིགས་མང་པོ་འདུས་ཡོད་པ་མ་ཟད། འོ་མའི་ནང་ཀལ་དང་། ལིན། མཱེ། ད་དུང་འཚོ་རྩི་༼A༽སོགས་འདུས་ཡོད་པ་རེད།
ཞོ་ལ་འོ་མའི་ནང་ཡོད་པའི་འཚོ་བཅུད་གྲུབ་ཆ་ཚང་མ་འཛོམས་ཡོད་པ་མ་ཟད། སྐྱུར་བསྙལ་བྱ་བའི་གོ་རིམ་ཁྲོད་སྤྲི་དཀར་རྫས་མང་པོ་ཞིག་འཇུ་ནས་ཐིད་དང་། ཨེམ་གཞི་སྐྱུར་གྱི་གྲུབ་ཆ་འགྱུར་འགྲོ། ད་དུང་འོ་མའི་མངར་ཆའང་འོ་མངར་ཕྱེ་ཙམ་དང་རྒུན་མངར་སོགས་ཀྱི་བཅུད་ཆགས་པས་ཞོ་ནི་འོ་མ་ལས་འཇུ་སླ་བ་དང་ཞོ་ཡི་ནང་འདུས་པའི་འཚོ་བཅུད་རིགས་སྣ་ཚོགས་ནི་འོ་མ་ལས་མང་བ་རེད།
༤
ལུས་ཀྱི་ཀལ་ཉམས་མེད་མཁན་དང་འོ་མའི་མངར་ཆ་མི་འཕྲོད་མཁན་རྣམས་ཀྱིས་ཞོ་འཐུང་ན་ཀལ་གསོ་ཐབས་ལེགས་ཤོས་དེ་ཡིན་པ་རེད།
༼༢༠༢༢ལོའི་ཀྲུང་གོའི་སྡོད་དམངས་ཀྱི་ཆ་སྙོམས་བཟའ་བཅའི་གྲོས་གཞི༽ཞེས་པའི་ནང་མི་དར་མས་འོ་མའི་རིགས་ཀྱི་ཐོན་རྫས་ཉིན་རེར་ཁེ་༣༠༠ནས་༥༠༠བར་སྤྱད་ན་ལེགས་པ་དང་། ཞོགས་ཟས་ལ་འོ་མ་ཕོར་བ་གང་དང་། དགུང་ཟས་ལ་ཞོ་ཕོར་བ་གང་འཐུང་ཆོག བྱིས་པ་ཚོས་ཞོགས་ཟས་ལ་ཆུར་ལེབ་གཉིས་གསུམ་དང་། སློབ་གསེང་བར་དུ་འོ་མའམ་ཞོ་དམ་བེ་གཅིག་འཐུང་ན་ལེགས་པ་སོགས་བསྟན་ཡོད།
༥
འོ་མའི་མངར་ཆ་མི་འཕྲོད་མཁན་རྣམས་ཀྱི་ཞོ་འཐུང་ན་ཀལ་ཁ་གསབ་བྱ་ཐུབ།
གཟུགས་པོའི་ནང་གི་འོ་མའི་མངར་རྩབས་ཀྱིས་མི་འདང་མཁན་དང་འོ་མའི་མངར་ཆ་མི་འཕྲོད་མཁན་རྣམས་ཀྱིས་འོ་མ་འཐུང་ན་བཤལ་སླ་བ་ཡིན་པས་སྐྱེ་ཕྲན་གྱིས་བསྙལ་བའི་ཞོ་ཡི་ནང་གི་འོ་མའི་མངར་ཆ་ཇེ་ཉུང་ཕྱིན་ནས་དེའི་ནང་༼β半乳糖苷酶༽ཞེས་པའི་འཚོ་རྩི་འདུས་ཡོད་པས་རྒྱུན་པར་ཞོ་འཐུང་ན་རྒྱུ་མའི་སྲིན་ཁྱུ་དོ་སྙོམས་ཡོང་ཐུབ་ལ། རྒྱུ་མའི་བདེ་ཐང་ནི་ལུས་ཁམས་ཧྲིལ་པོ་བདེ་བའི་རྩ་བ་ཡིན་པས་སྔོ་ཚལ་དང་ཤིང་ཏོག་སོགས་ཚི་སྣ་འདུས་པའི་ཟས་རིགས་ཀྱིས་རྒྱུ་མའི་སྐྱེ་ཕན་སྲིན་ལ་འཚོ་བཅུད་མཁོ་འདོན་བྱེད་ཐུབ་པ་མ་ཟད། རྒྱུ་མའི་སྲིན་ཁྱུ་དོ་མཉམ་ཡོང་བར་ཕན་པར་ཡོད།
གང་ལྟར་ཞིབ་འཇུག་ལས་རྒྱུན་པར་ཞོ་མང་ཙམ་འཐུང་ན་འཚོ་བཅུད་ལྡན་ཞིང་བདེ་ཐང་ལ་ཕན་པར་མ་ཟད། མིའི་ལུས་ལ་དགོས་པའི་ཀལ་སོགས་འཚོ་རྩི་སྣ་ཚོགས་གསོ་ཐུབ་པས་ལུས་ལ་ཕན་ཐོགས་ཆེ་བ་བསྟན་ཡོད།