རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་བསྟན་དོན། ཡུན་ནན་དུ་མི་རིགས་མང་པོ་ཡོད་པས་མཐའ་མཚམས་མི་རིགས་ས་ཁུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།མི་རིགས་ཁག་ཕྱོགས་ཡོངས་ནས་ཕན་ཚུན་འབྲེལ་མཐུད་ཀྱི་ལག་ལེན་བྱ་ཐབས་རྒྱ་ཆེར་གཏོང་བ།དུས་རབས་གསར་བའི་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
བདེ་ཆེན་ཁུལ་མི་རིགས་ཆོས་ལུགས་ཨུ་ལྷན་སྤྱི་ཚོགས་ལས་དོན་ཁོའོ་ཡི་ཁོའོ་ཀྲང་ཀྲོའུ་ཧའེ་ཨོའུ།
ཁུལ་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་སྤྱི་ཚོགས་ལས་དོན་ཁང་གི་ཁོའོ་ཀྲང་ཀྲོའུ་ཧའེ་ཨའོ་ཡིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཞག་ནས་མི་རིགས་ས་ཁུལ་གྱི་བཅོས་སྐྱོང་ཆུ་ཚད་སྔར་བས་མཐོར་འདེགས་བཏང་ནས་མི་རིགས་ཁག་ཕྱོགས་ཡོངས་ནས་ནང་འཇུག་བྱེད་པའི་ལག་ལེན་ཐབས་ལམ་རྒྱ་སྐྱེད་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།མི་རིགས་ཀྱི་ས་ཁུལ་གྱི་བཅོས་སྐྱོང་ཆུ་ཚད་སྔར་བས་མཐོར་འདེགས་བཏང་ནས་མི་རིགས་ཁག་ཕན་ཚུན་མཉམ་འདྲེས་དང་འཚོ་གནས་སྔར་ལས་དམ་ཟབ་ཡོང་བ་དང་། མི་རིགས་ཁག་གི་མང་ཚོགས་“ཕྱོགས་གཉིས་སུ་བསྐྱོད་པའི”ལམ་བུ་སྔར་ལས་བདེ་བླག་ཡོང་བ་དང་མི་རིགས་ཁག་ལ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་ཡོང་བ་བྱེད་རྒྱུ་ཞེས་བསྟན་པ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཏང་གི་སློབ་གྲྭའི་མཐོ་རིམ་གཙོ་ཁྲིད་དགེ་རྒན། འབྲོག་ཁུལ་སྐོར་སྐྱོད་ཏང་གི་སློབ་གྲྭའི་འགན་འཁུར་པ་སྒྲོལ་མ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཏང་གི་སློབ་གྲྭའི་མཐོ་རིམ་གཙོ་ཁྲིད་དགེ་རྒན།འབྲོག་ཁུལ་སྐོར་སྐྱོད་ཏང་གི་སློབ་གྲྭའི་འགན་འཁུར་པ་སྒྲོལ་མས་གོམ་སྟབས་རྗེས་མར་ང་ཚོས་‘སེམས་ཀྱི་ཉི་ཟླའི་ས་མཐོའི་འབྲོག་ཁུལ་གྱི་སྐོར་སྐྱོད་ཏང་གི་སློབ་གྲྭ་’ཡི་ཁྱད་ཆོས་ལྡན་པའི་རིགས་པའི་གཞུང་ལུགས་སྒྲོག་སྤེལ་སྤུས་རྟགས་བེད་སྤྱོད་གང་ལེགས་བྱས་ནས། དུས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དགོངས་དོན་སེམས་ཀྱི་ཉི་ཟླའི་ག་ས་གང་དུ་བརྒྱུད་བསྒྲགས་བྱས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེན་གསུང་བཤད་གྱི་དགོངས་དོན་གངས་ལྗོངས་ས་མཐོའི་མི་སེམས་སུ་གཏིང་ཟབ་ཏུ་ཟུག་ཐུབ་པ་དང་རྩ་བ་ཚུགས་ཐུབ་པར་བྱེད་རྒྱུ་ཡིན་ཞེས་བཤད་བྱུང་།