རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-26   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཡར་ཀླུང་འཁྱགས་རོམ་ནི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་གྱི་ཁོངས་སུ་གནས་པ་དང་། དེ་གར་གནས་པའི་བརྗིད་ཆགས་ཡིད་དུ་འོང་བའི་འཁྱགས་རོམ་དང་། དྭངས་ཤིང་གཙང་བའི་མཚོ་དང་མཚེའུ། ལྷུང་ལྷུང་དུ་རྒྱུག་པའི་ཆུ་རྒྱུན། དེ་བཞིན་མཐའ་འཁོར་གྱི་རི་མཐོའི་སྤང་ལྗོངས་དང་ནགས་ཚལ་བཅས་ལས་གང་སར་སྐད་གྲགས་ཆོད་ཡོད། དེ་གའི་མཚོ་མཚེའུ་དང་ཆུ་རྒྱུན་ནི་ཡུལ་དེའི་ཆུ་འགོ་གཙོ་བོ་ཡིན་པ་མ་ཟད། སྐྱེ་ཁམས་མ་ལག་གི་གྲུབ་ཆ་གལ་ཆེན་ཡང་ཡིན་ཞིང་། འདི་ནི་མཛེས་ཤིང་ལྟ་ན་སྡུག་པའི་ཡར་ཀླུང་འཁྱགས་རོམ་གྱི་ཟུར་ཞིག་ཡིན་པ།