རྡོ་མཁར་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ལ་རྣམ་པ་བཟང་བོ་མངོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་ཆར།  ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཞིང་ཇ་རྟའི་གནའ་ལམ་གྱི་བརྒྱུད་ལམ་གཙོ་བོ་རྡོ་མཁར་རྫོང་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་ཇེ་མང་དུ་སོང་ནས་གང་སར་འདུ་འཛི་ཆེ་བའི་རྣམ་པ་ཞིག་གིས་འཁེངས་ཡོད།  སྤྱིར་ན་ཟླ་གསུམ་པ་ནི་ཡུལ་སྐོར་བ་ཉུང་བའི་དུས་སྐབས་ཡིན་ཡང་།   རྡོ་མཁར་རྫོང་གི་བོད་ཀྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་དང་།  སྲོལ་རྒྱུན་སྐོར་བྲོ།  བོད་ལྭ་དང་བོད་ཟས།   བོད་ཀྱི་རོལ་དབྱངས་སོགས་ཀྱིས་ཡུལ་སྐོར་བ་མང་བོའི་ཡིད་སེམས་རྨང་ནས་བཀུགས་ཡོད།  

    ཡུལ་སྐོར་བ་རྣམ་པས་ལུས་ལ་བོད་ཀྱི་རྒྱན་གོས་སྤྲས་ཏེ་སྐོར་བྲོ་རྩེད་བ་དང་།  བོད་ཀྱི་བཟའ་བཏུང་ལོངས་སུ་སྤྱོད་པ།  ས་གདན་དང་ཀོ་བཟོའི་སྒྱུ་རྩལ།  ཐང་ག་འབྲི་བཞེངས་སོགས་ཀྱི་མི་རིགས་རིག་གནས་ལ་ཉམས་ཞིབ་བྱེད་བཞིན་ཡོད།