ཞི་ཅིན་ཕིང་གི་གསུང་བཤད་དགོངས་དོན་ལ་བདེ་ཆེན་དུ་ལན་ཆ་ཆེན་པོ་བྱུང་།༼གཉིས༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་འགོ་ཁྲིད་ནི་བྱ་གཞག་འཕེལ་རྒྱས་ཀྱི་རྩ་བའི་འགན་ལེན་ཡིན། ས་གནས་ཤིག་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་གི་ཆུ་ཚད་མཐོ་པོ་ཡོད་མེད་ལ་ལྟ་བར། གལ་ཆེ་ཤོས་ཀྱི་ཕྱོགས་ནི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་ཡོད་མེད་ལ་ལྟ་དགོས།

ཁུལ་ཨུའི་རྩ་འཛུགས་པུའུ་ཡི་གཞུང་ཞབས་པ་ཁོའོ་དང་པོའི་ཁོའོ་ཀྲང་ཧོ་ཧྲེང་།

    ཁུལ་ཨུའི་རྩ་འཛུགས་པུའུ་ཡི་གཞུང་ཞབས་པ་ཁོའོ་དང་པོའི་ཁོའོ་ཀྲང་ཧོ་ཧྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཐད་བླང་བྱ་གལ་ཆེན་གནང་བ་དང་གོ་རིམ་རྗེས་མའི་ལས་དོན་སྔར་བས་ལེགས་པར་སྤེལ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་བ་ཡོད།ང་ཚོས་རྒྱུན་ཆད་མེད་པར་གཞུང་ཞབས་པའི་ལས་དོན་ལ་ལེགས་བཅོས་དང་ཤུགས་སྣོན་རྒྱག་པ་དང་།གཏིང་ཟབ་ཀྱིས་གཞུང་ཞབས་པའི་བཅའ་ཁྲིམས་དང་ལེ་ལག་ཚང་བའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས། 《རྒྱལ་ཡོངས་ཀྱི་གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྱོང་འཆར་འགོད་རྩ་གནད་(2024—2028ལོ)》དང་ཞིང་ཆེན་རིམ་པའི་ལག་བསྟར་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ནས།རྒྱ་ཆེ་བའི་གཞུང་ཞབས་པ་རྣམས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པའི་ཁྲོད་ཁ་ཕྱོགས་ཁ་གསལ་བྱས་ཏེ། བཀའ་དྲིན་ཚོར་བ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ཁྲོད་འགན་འཁྲི་སྒྲུབ་པ། གཞུང་ཞབས་པ་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་ཁྲོད་ཀྱི་འགན་འཁྲི་ཁུར་སེམས་ཇེ་ཆེར་བཏང་ནས། རྒྱུན་ཆད་མེད་པར་སྤུས་ཚད་མཐོ་བ་དང་ཆེད་ལས་རང་བཞིན་གྱི་གཞུང་ཞབས་པའི་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ།ཁུལ་ཡོངས་ཀྱི་ལས་དོན་སོ་སོའི་འཕེལ་རྒྱས་ལ་དཔུང་སྡེའི་འགན་སྲུང་མཁོ་འདོན་བྱེད་རྒྱུ་ཞེས་བཤད་བྱུང་།

ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ལས་དོན་ཨུ་ཡོན་ཧོང་ཝུན་ཆོན།

    ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ལས་དོན་ཨུ་ཡོན་ཧོང་ཝུན་ཆོན་གྱིས་བཤད་རྒྱུར། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུ་བཀོད་སྒྲིག་བྱས་ཡོད། ཉེ་སྔོན་ཁུལ་ཨུས་ཏང་གི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་འཚོགས་ནས་རང་ཁུལ་གྱི་སློབ་གསོ་སློབ་སྦྱོང་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་ཡོད། ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཏང་ཡོན་དང་ལས་བྱེད་པའི་སློབ་གསོ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་འགལ་སྒྲིག་འགལ་སྣ་ཚོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སློབ་གསོའི་སློབ་སྦྱོང་གི་འབྲེལ་ཡོད་བླང་བྱ་དང་ཟུང་འབྲེལ་བྱས་ནས།ཐོག་མ་ནས་“ནན་པོ་”དང་“བདེན་པ”ཞེས་པའི་ཡི་གེའི་ཐོག་འབད་བརྩོན་བྱས་ཏེ་སློབ་སྦྱོང་དང་ཞིབ་བཤེར།   བཟོ་བཅོས་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།   སྒོ་ཕྱེ་སློབ་གསོ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་སློབ་གསོའི་སློབ་སྦྱོང་དེ་བརྟན་ལྷིང་།    དང་།   འཕེལ་རྒྱས།    སྐྱེ་ཁམས།    མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་དུ་བསྒྱུར་ནས། ཏང་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་སྤུས་ཚད་དང་།    ཞིབ་བཤེར་བྱེད་ཤུགས་ཆེ་བ།    བསྒྱུར་བཅོས་ཕན་འབྲས་བཅས་ཡོང་བའི་འགན་ལེན་བྱས་ཏེ།   “ལས་བྱེད་པར་སློབ་གསོ་ཐོབ་པ་དང་མང་ཚོགས་ལ་ཕན་པ་ཐོབ་པའི”རྣམ་པ་བཟང་པོ་ཞིག་བསྐྲུན་རྒྱུ་ཞེས་བཤད་བྱུང་།