རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་3ཚེས་25ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས་ཏང་ཙུའུ་འགན་འཁྲིའི་མི་སྣ་གཙོ་བོ་དང་། རྫོང་ཁོངས(གྲོང་ཁྱེར་)དང་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་ཏང་ཨུ། ཁུལ་རིམ་པའི་སྡེ་ཚན་ཁག་གཅིག་གི“འགོ་གཙོ་དང་པོ་ལ་ལྟ་སྐུལ་གླེང་མོལ་སྤེལ་ནས། “འགོ་གཙོ་དང་པོ་”ཡིས་རང་གཅུན་ནན་པོ་དང་། འགན་འཁྲི་ནན་པོ་འཁུར་བ། ཁོངས་གཏོགས་དོ་དམ་ནན་པོ་བཅས་བྱས་ཏེ། དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་ཏན་ཏིག་འདོན་སྤེལ་ཡག་པོ་བྱས་ཏེ། ཁུལ་ཡོངས་ཀྱི་ཏང་ཡོན་རིམ་པ་ཁག་དང་ལས་བྱེད་པ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། “འགོ་གཙོ་དང་པོ་”ཡིས་རང་གཅུན་ནན་པོ་བྱས་ཏེ་སྤྱོད་གཙང་སྤྱོད་གཙང་གི་མིག་དཔེ་སྟོན་དགོས། སྣེ་ཁྲིད་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་སྣོན་བརྒྱབ་པ་དང་། ལྷག་པར་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་སློབ་གསོ་སློབ་སྦྱོང་བྱེད་པའི་གོ་སྐབས་སུ་བྱས་ཏེ། མུ་འབྲེལ་རིགས་འབྲེལ་ཀྱི་གཏན་འབེབས་དང་རིམ་པ་ཁག་གི་བླང་བྱར་སླར་ཡང་ཞིབ་འཇུག་བྱས་ཏེ། ཕུགས་འདུན་དད་སེམས་ཀྱི“སྤྱིའི་གློག་སྒོ”ཇེ་དམ་དུ་གཏོང་བ་དང་། རུལ་འགོག་འགྱུར་ཟོན་གྱི་ཆུ་རགས་བརྟན་པོ་བསྐྲུན་ནས། སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“དྲན་དགོས་པ་ལྔ་དང་བསམ་གཞིགས་གསལ་བོ་གཏོང་དགོས་པ་གཅིག”དང་ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གི“སྤྱོད་གཙང་སྐོར་གྱི་དྲི་བ་གསུམ་དང་དྲན་སྐུལ་ལྔ” སྣེ་ཁྲིད་ནས་ཞིང་ཨུའི་ཚུར་ལན་བསམ་ཆར་ལ་སྐོར་ཞིབ་བྱེད་པ་དང་ཆབ་སྲིད་སྐྱེ་ཁམས་ཀྱི་གནས་སྡོད་ལྡོག་སྐྱེལ་ཀྱི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་བསྡུར་ནས་ཉེ་འཁོར་གྱི་མི་རྣམས་དང་ཉེ་འཁོར་གྱི་དོན་དག་ཁྲོད་དུ་བྱ་ཐབས་གཅིག་གིས་གནས་ལུགས་གསུམ་འདྲེན་པའི་རིགས་འདེད་བྱེད་པ་དང་། དོགས་ཟོན་ཟབ་མོ་དང་བསླབ་བྱ་སེམས་ལ་བཟུང་སྟེ། སྣེ་ཁྲིད་ནས་འོག་ཐིག་ནན་སྲུང་བྱས་ནས་རང་རྟོགས་ངང་འབྲེལ་ཚོམས་དང་། འཚོ་བའི་གྲོགས་ཚོགས་བཅས་གཙང་འགྱུར་བྱས་ཏེ་རང་རྟོགས་ངང་ཉེ་འགྲམ་གྱི་མི་རྣམས་དང་ཉེ་འགྲམ་གྱི་དོན་དག་དོ་དམ་ཡག་པོ་བྱེད་དགོས།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། ཞིབ་ཕྲ་དང་ཆུང་བ་དམ་འཛིན་བྱས་ཏེ་སློབ་གསོ་ནན་པོ་བྱས་ནས་ལྟ་སྐུལ་ལས་བྱེད་པར་དོ་དམ་བྱ་དགོས། ཚན་ཁག་དམ་འཛིན་དང་། དཔུང་ཁག་ཁྲིད་པ། དར་སྲོལ་ལེགས་སུ་གཏོང་བ་བཅས་ཀྱི་འགོ་ཁྲིད་འགན་འཁྲི་དང་ཏང་སྲོལ་སྤྱོད་གཙང་དར་སྤེལ་གྱི་འགན་འཁུར་མི་སྣ་ཨང་དང་པོ་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ཏེ་སྤྱོད་བཟང་གཞུང་དྲང་གི་ལས་སྒྲུབ་ཀྱི་རྣམ་པ་བསྐྲུན་དགོས། “གྲོས་གཞི་དང་པོའི”ལམ་ལུགས་འཐུས་སྒོ་ཚང་དུ་དོན་འཁྱོལ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཀྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་བདེ་འཇགས་དང་མི་རིགས་ཀྱི་ཆོས་ལུགས་ཁྲིམས་སྲོལ་སོགས་འབེན་ཕྱོགས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་ཉེན་བརྡའི་དྲིལ་བུ་རྟག་ཏུ་སྒྲོག་ཐུབ་པ་བྱེད་དགོས། “དོ་དམ་ནན་པོ་བྱེད་པ་ནི་བརྩེ་དུང་ཟབ་མོ་ཡིན”ཞེས་པའི་བླང་བྱའི་ཐོག་ནས་ལས་བྱེད་པའི་དཔུང་ཁག་ལ་དོ་དམ་ཡག་པོ་བྱས་ཏེ་རྒྱུན་གཏན་རང་བཞིན་གྱི་སྒོ་ནས་ཚན་ཁག་གི་ཁོངས་མི་དང་འོག་རིམ་གྱི་“འགོ་གཙོ་དང་པོ་”དང་སྙིང་གཏམ་དང་གླེང་མོལ་གླེང་བ། དུས་བཀག་ལྟར་ས་ཁུལ་དང་སྡེ་ཁག་དེ་གའི་ཆབ་སྲིད་ཀྱི་སྣང་ཚུལ་གནས་ཚུལ་ལ་དབྱེ་ཞིབ་བྱས་ཏེ་ལས་བྱེད་པར་ཕྱོགས་ཡོངས་ནས་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཚན་ཁག་གི་ཁོངས་མི་དང་འོག་རིམ་གྱི་“འགོ་གཙོ་དང་པོ་”འགན་འཁྲི་དོན་འཁྱོལ་དང་། སྤྱོད་གཙང་རང་འདོམས་སོགས་ཐད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་དོ་དམ་དང་ཏང་སྐྱོང་གི་འགན་འཁྲི་དོན་འཁྱོལ་གང་ལེགས་ཡོང་བའི་འགན་ལེན་བྱེད་དགོས།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། “འགོ་གཙོ་དང་པོ་”ཡིས་“ཨར་ལས་རུ་དཔོན་”ཡག་པོ་བྱས་ཏེ་གཙོ་གནད་ལས་དོན་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་དགོས། ཏང་ཕྱོགས་ཡོངས་ནས་ནན་པོ་སྐྱོང་པའི“འགན་འཁུར་མི་སྣ་དང་པོ”ཡི་འགན་འཁྲི་བློ་བརྟན་འགྱུར་མེད་ཀྱིས་བླངས་ནས་མང་ཚོགས་ཉེ་འགྲམ་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་སློབ་གསོ་སློབ་སྦྱོང་དང་། གཙང་སྦྲ་བདེ་ཆེན་འཛུགས་སྐྲུན། རྣམ་པ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་སོགས་གཙོ་གནད་ལས་དོན་ཁག་དོན་འཁྱོལ་ཞིབ་ཕྲ་བྱས་ནས་གྲུབ་འབྲས་ཐོན་དགོས།
ཞིང་ཨུའི་2024ལོའི་ཏང་ཨུ་(ལས་དོན་ཨུ་ལྷན)ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་གྱི་འཁྲི་འགན་སྒྲུབ་ཚུལ་གླེང་བའི་དཔྱད་གླེང་དཔྱད་ཞིབ་ཚོགས་འདུའི་ཐོག་ཁ་གསལ་བྱས་པའི་ཞིབ་ཕྲའི་དོན་དག་10དོན་འཁྱོལ་ནན་ཏན་བྱས་ཏེ་དོན་འཁྱོལ་དམ་འཛིན་བྱེད་པའི་འགན་འཁུར་པ་དང་པོ་ཡག་པོ་སྒྲུབ་དགོས། སྣེ་ཁྲིད་ནས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་པ། མི་རིགས་ཁག་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། ཕྱོགས་ཁག་གི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་པ་བཅས་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་བདེ་ཆེན་གྱི་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་དང་ཕན་འབྲས་དེ་བས་ཆེ་བ་ལོན་དགོས།
ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི། ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲུའུ་ཧུང་ཧྥུས་ཟུར་ཞུགས་གླེང་མོལ་བྱས་ཡོད།
ཚོགས་འདུའི་ཐོག་ཚོགས་ཞུགས་མི་སྣས་གཏམ་བཤད་གནང་ཡོད།