ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་ནས་ཀྲུང་གོ་ལྷོ་ཕྱོགས་གློག་དྲ་ཀུང་སིར་གནས་གཏན་རོགས་སྐྱོར་ཀྱི་ལས་དོན་ཐད་འབྲེལ་མཐུད་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་3ཚེས་28ཉིན་ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་ནས་ཀྲུང་གོལྷོ་ཕྱོགས་གློག་དྲ་ཀུང་སིར་དམིགས་འཛུགས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་ཕེབས་ནས་ཀུང་སིའི་ཏང་ཙུའུ་ཡི་ཁོངས་མི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་ཝེ་དང་བཞུགས་མོལ་སྤེལ་རེས་བྱས་པ་རེད།

    ལུའོ་ཁྲའོ་ཧྥེང་གིས་ལྷོ་ཕྱོགས་གློག་དྲ་ཀུང་སིས་བདེ་ཆེན་ཁུལ་འབའ་ལུང་རྫོང་ལ་དམིགས་འཛུགས་རོགས་སྐྱོར་བྱས་པ་ནས་བཟུང་ཀུང་སིས་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་དོ་ཁུརབྱས་པ་དང་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་གང་ལེགས་བསྒྲུབ་ནས་གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་། ཚ་དུས་ཀུང་སིའི་གློག་གཏོང་ལས་བྱེད་པ་དང་ཤེས་ལྡན་མི་སྣ་གསོ་སྦྱོང་། འཛད་སྤྱོད་རོགས་སྐྱོར་སོགས་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་པས་ཁོང་གིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁོང་གིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྷོ་ཕྱོགས་གློག་དྲ་ཀུང་སིའི་རྒྱུན་མཐུད་གྱིས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རོགས་སྐྱོར་ལས་བྱེད་པ་མངགས་ཏེ་བདེ་ཆེན་ཁུལ་འབའ་ལུང་རྫོང་གི་དམིགས་འཛུགས་རོགས་སྐྱོར་མ་དངུལ་འབོར་ཆེན་གཏོང་བ་དང་བདེ་ཆེན་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལལ་སྐུལ་འདེད་གཏོང་བ། དེ་དང་ཆབས་ཅིག་ཀུང་སི་དང་བདེ་ཆེན་གཉིས་ཀྱིས་གློག་སྤྱོད་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། གློག་དྲ་གཉེར་སྐྱོང་དོ་དམ་ལེགས་སུ་གཏོང་བ། བཟོ་ཚོགས་ཀྱི་ཁ་གཏད་རོགས་སྐྱོར་ནུས་རྒྱུ་གསར་པ་གསར་སྤེལ་སོགས་ཐད་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། མིག་སྔར། བདེ་ཆེན་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྱིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་མགྱོགས་སུ་བཏང་སྟེ། གྲོང་གསེབ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་དང་“གཙང་གསུམ་མཉམ་བཞུར།  ཁ་བ་དཀར་པོ། ཇ་རྟའི་གནའ་ལམ་བཅས་འཛམ་གླིང་རིམ་པའི་སྤུས་རྟགས་ཆེན་པོ་བཞི་ལ་ཡོད་ལ། ཡུལ་སྐོར་དང་། སྐྱེ་དངོས། ཆུ་ནུས། གཏེར་ཁའི་ཐོན་ཁུངས་བཅས་ཕུན་སུམ་ཚོགས་པས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད། ལྷོ་ཕྱོགས་གློག་དྲ་ཀུང་སིས་མུ་མཐུད་དུ་“མི་འདོར་བ་བཞི”ཡི་བླང་བྱ་དོན་འཁྱོལ་བྱས་ཏེ། ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་མ་དངུལ་དང་རྣམ་གྲངས་ཤེས་ལྡན་མི་སྣ། སློབ་གསོ་སོགས་ཀྱི་ཐད་ལ་སྔར་རྒྱུན་ལྟར་རོགས་རམ་སྤྲད་ནས། སྔར་ལས་མང་བའི་རྣམ་གྲངས་ལ་རོགས་སྐྱོར་བྱ་རྒྱུ་དེ་ཀུང་སིའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་བཅུག་ནས་བདེ་ཆེན་ཁུལ་དང་འབའ་ལུང་རྫོང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་བཏོན། ཁོང་གིས་བདེ་ཆེན་གིས་ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་དགོས་མཁོར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ནས་རོགས་སྐྱོར་མཉམ་ལས་ལས་དོན་གྱི་སྤུས་འབྲས་ལེགས་གཏོང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
    ལིའུ་ཝུའེ་ཡིས་ཀུང་སིས་རོགས་སྐྱོར་བྱེད་ཤུགས་ཇེ་ཆུང་དུ་མི་འགྲོ་བ་རྒྱུན་འཁྱོངས་བྱེད་པ་དང་། ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་ཏེ། གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས་རྩ་འཛུགས་དར་རྒྱས་སོགས་ཀྱི་ཐད་རྒྱུན་མཐུད་ཤུགས་ཆེ་རུ་བཏང་ནས་རོགས་སྐྱོར་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་བདེ་ཆེན་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བར་ལྷོ་ཕྱོགས་དྲ་བའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད། དེ་དང་ཆབས་ཅིག་བདེ་ཆེན་ཁུལ་གྱིས་འབྲེལ་ཡོད་རྣམ་གྲངས་འཛུགས་སྐྲུན་ཐད་གཞོགས་འདེགས་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
    དེའི་རིང་ལུའོ་ཁྲའོ་ཧྥེང་དང་བཅས་པ་ད་དུང་ལྷོ་ཕྱོགས་གློག་དྲ་ཚན་རྩལ་སྤེལ་རེས་ལྟེ་གནས་སུ་རྟོག་ཞིབ་དང་བརྟག་དཔྱད་བྱས་པ་རེད།
ལྷོ་ཕྱོགས་གློག་དྲ་ཀུང་སིའི་ལི་རུའེ་དང་།  ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་།  ཧུའུ་ཧྥེ་ཞུང་།  ཧོང་ལུང་ཞིན།  ཁུལ་རིམ་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་བྱེད་སྒོར་ཞུགས་པ་རེད།