བདེ་ཆེན་གྱི་ཡུལ་སྐོར་འགྲུལ་བཞུད་ཀྱི་ལེའུ་གསར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

2023ལོའི་ཟླ་11པར་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ་དང་བསྟུན་ནས། བདེ་ཆེན་ཁུལ་གྱིས་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཞིང་། བདེ་ཆེན་གྱི་འགྲིམ་འགྲུལ་ལ་འགྱུར་ལྡོག་གིས་བསྐྱར་སྒྲིག་བྱས་པ་མ་ཟད།  དཔལ་འབྱོར་གྱི་མངའ་ཁོངས་བསྐྱར་སྒྲིག་བྱས་པ་རེད། དེ་ཕྱིར་ཡུལ་སྐོར་གནས་སྡོད་ཀྱི་མྱུ་གུ་ཡང་འབུས་འགོ་ཚུགས།

    ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་གྱིས་ས་མཐོའི་འགྲིམ་འགྲུལ་ལ་ནུས་པ་གསར་པ་སྤྲད།

    ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་ཀྱི་རིང་ཚད་སྤྱི་ལེ་139དང་ཇུས་འགོད་མྱུར་ཚད་སྤྱི་ལེ་140ཡིན། དུས་རིམ་ལོ་9རིང་ས་མཐོའི་འཁེངས་ས་དང་རྙོག་འཛིང་ཆེ་བའི་ས་གཤིས་སོགས་ཀྱི་དཀའ་གནད་ཁྱད་བསད་བྱས་ཤིང་།           ཟམ་དང་ཕུག་ལམ་གྱི་བསྡུར་ཚད་72.96%ཟིན་ནས་འཛམ་གླིང་གི་ཟིན་ཐོ་མང་པོ་བཏོད་ཡོད་པ་རེད། ལྕགས་ལམ་དེས་ཁུན་མིང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་འགྲུལ་སྐྱེལ་ཕྲེང་བརྒྱུས་དུས་ཚོད་དེ་འདས་ཟིན་པའི་ཆུ་ཚོད་10ནས་ཆུ་ཚོད་4.5བར་ཐུང་དུ་བཏང་བ་དང་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་ཆུ་ཚོད་1དང་སྐར་མ་18ལས་དགོས་ཀྱི་མེད་པ་རེད། ལྕགས་ལམ་ཤར་གཏོང་བྱས་ནས་ལོ་གཅིག་ལྷག་ཙམ་རིང་རིམ་རྩིས་གྱིས་འགྲུལ་པ་ལ་མི་ཐེངས་ཁྲི་400ཙམ་སྐྱེལ་འདྲེན་བྱས་ཡོད་ལ། ཉིན་གཅིག་གི་འགྲུལ་པ་མང་ཤོས་མི་ཐེངས་ཁྲི་1ལྷག་ཙམ་ལས་བརྒལ་ཏེ་བདེ་ཆེན་གྱི་འགྲིམ་འགྲུལ་བཀག་རྒྱ་རྦད་དེ་གཏོར་ཡོད།


    ལྕགས་ལམ་གྱི་སྟབས་བདེའི་རང་བཞིན་གྱིས་བདེ་ཆེན་གྱི་ཡུལ་སྐོར་ཁྲོམ་རར་སྐུལ་སློང་བྱས། བོད་ལུགས་ཀྱི་དམངས་སྲོལ་གནས་ཚང་དང་། མངོན་མེད་རིག་གནས་ཤུལ་བཞག་ལག་རྩལ། ས་མཐོའི་རྐང་ཐང་སོགས་ཀྱི་ལས་རྣམ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཆེན་པོ་བྱུང་། དེ་དང་ཆབས་ཅིག་ལྕགས་ལམ་གྱིས་ཡུན་ནན་ནུབ་བྱང་གི་ས་དམ་དང་། ཏ་ལི། སེམས་ཀྱི་ཉི་ཟླ་བཅས་ཡུལ་སྐོར་ལྟེ་བའི་ཁུལ་ཆེན་པོ་གསུམ་སྦྲེལ་མཐུད་བྱས་ཡོད། ལྕགས་ལམ་ཟོག་འདྲེན་གྱིས་བདེ་ཆེན་གྱི་བེ་ཤ་དང་། ནོར་ཤ།  ནས་ཀྱི་ཐོན་རྫས་སོགས་ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་ལ་ཕན་ནུས་ཆེ་བའི་བགྲོད་ལམ་བཏོད་ཡོད་པ་དང་2024ལོར་ལྕགས་ལམ་གྱི་ཟོག་འདྲེན་ཏུན་ཁྲི་50ལྷག་ཙམ་ཟིན་ཡོད་པ་རེད། སེམས་ཀྱི་ཉི་ཟླ་འབབ་ཚུགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཆེད་གཉེར་ཚོང་ཁང་དང་མེ་འཁོར་ཐོག་གི་ཞིང་ལས་ཐོན་རྫས་ངོ་སྤྲོད་བྱས་པ་དེས་རྒྱ་ཆེའི་ཞིང་འབྲོག་པའི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།

    ལངས་གཟུགས་འགྲིམ་འགྲུལ་དྲ་བ་དེ་“མཇུག་སྣེ”ནས“ལྟེ་རྒྱུ”བར་མཆོང་སྐྱོད་བྱས་པ།

    ཧ་པ་གངས་རིའི་འདབས་སུ་གནས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་ཏུང་ཕོ་གྲོང་ཚོའི་ལའོ་ཡའོ་རི་བོའི་ཚོགས་ཆུང་དུ་བསྐྱོད་སྐབས། གྱང་དཀར་པོ་དང་རྫ་ལེབ་སྔོ་ལྗང་ཡོད་པའི་དེང་རབས་ཀྱི་དབྱིས་རིགས་གྱི་ཡུལ་མིའི་སྡོད་ཁང་དམངས་ཁང་རི་སྔོ་ལྗང་དང་ཆུ་ལྗང་གི་ཁྲོད་དུ་མཛེས་རྒྱན་སྤྲད་ཡོད་པ་མཐོང་ཐུབ། དེ་ནི་ཧ་ཅང་མིག་མདངས་འཕྲོ་བཞིན་ཡོད། ཉིན་གུང་གི་དུས་སུ་རྒན་རྒོན་རྣམས་གཙང་ཞིང་གསལ་བའི་ཨར་འདམ་ཀྱི་སྒོ་རའི་ཆུ་རགས་སུ་བསྡད་ནས་ཁ་བརྡ་བྱེད་པ་དང་། བྱིས་པ་ཚོས་འགྲམ་དུ་སྤྲོ་སྣང་གི་ངང་རྩེད་བཞིན་ཡོད་པས། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་གྱི་ཡུལ་ལྗོངས་གསར་པ་ཞིག་གྲུབ།
    གཞུང་ལམ་གྱི་དྲ་རྒྱས་གྲོང་གསེབ་ཤར་གཏོང་ཐུབ་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད། མཐའ་ཆུ་དང་། གླེགས་བམ་སོགས་ཐག་རིང་གི་གྲོང་སྡེ་བརྒྱུད་བགྲོད་མཁྲེགས་ལམ་དང་གཞུང་ལམ་གཙོ་བོ་སྦྲེལ་ཡོད། སྔོན་ཆད་འགྲིམ་འགྲུལ་བཀག་པའི་དབང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཧུང་ཕོ་གྲོང་ཚོ་དབུལ་ཕོངས་ཀྱི་གནས་སུ་གྱར་ཡོད། ད་ཆ་ཁྱད་ཆོས་ལྡན་པའི་དམངས་སྲོལ་གནས་ཚང་27ཁྲོད་12ནི་ཡུལ་མི་རང་གཉེར་སྒེར་གཉེར་ཡིན་པ་དང་ཡུལ་སྐོར་བྱེད་མཁན་ཐད་ཀར་མི་500ལྷག་ཙམ་ལས་ཞུགས་བྱས་པ་དང་གཞན་བརྒྱུད་ཀྱིས་མི་1800ལྷག་ཙམ་སྐུལ་ཁྲིད་བྱས་པ་རེད། མིག་སྔའི་བར་ཁུལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ལམ་ཐག་སྤྱི་ལེ་9037.707ཟིན་པ་དང་ཁུལ་ཡོངས་ཀྱི་གྲོང་རྡལ་29ཡི་མངོན་འགྱུར་ཤང་ཡོངས་སུ་སྣུམ་ལམ་ཤར་གཏོང་ཐུབ་པ། སྲིད་འཛིན་གྲོང་ཚོ་(གྲོང་མི་ཨུ་ལྷན་)196ཡི་ཤར་གཏོང་ཐུབ་ཚད་100%ཟིན་ཡོད་པ་རེད། ཁུལ་ཡོངས་ཀྱི་རྒྱུན་བཙུགས་འགྲོ་ལམ་འགྲུལ་སྐྱེལ་དོན་ཚན་93ལ་རླངས་འཁོར་224ཡོད་པ་དང་། གྲོང་གསེབ་གྱི་ལམ་ཐུང་འགྲུལ་སྐྱེལ་ཁེ་ལས་3ལ་རླངས་འཁོར་804ཡོད་པ་དང་། གྲོང་གསེབ་འགྲུལ་སྐྱེལ་ཚང་མ་ཁུལ་ཁོངས་ཅན་གཞིར་བཟུང་འཁོར་སྐྱོད་བྱས་ནས་གྲོང་རྡལ་ཚང་མར་ཁྱབ་ཡོད་པ་དང་། གྲོང་གསེབ་འགྲུལ་སྐྱེལ་འཚམས་འདྲི་ས་ཚིགས་138ཡོད་པ། ཤང་གྲོང་དང་སྲིད་འཛིན་གྲོང་ཚོ་དབར་འགྲུལ་འཁོར(འགྲུལ་སྐྱེལ་རླངས་འཁོར)ཤར་གཏོང་བྱེད་ཚད་100%ཟིན་ཡོད་པ་རེད།
    མཁའ་འགྲུལ་དང་གཞུང་ལམ་ཕྱི་ནང་མཉམ་འགུལ་གྱི་“ཨིན་ཇི་ཉིས་བསྒྲིགས་”བཅས་ཡིན། བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་ཁུན་མིང་དང་། ཁྲེང་ཏུའུ། ལྷ་ས་སོགས་ཀྱི་མཁའ་ལམ་ལམ་ཤར་གཏོང་ཐུབ་ལ། ལོ་རེའི་འགྲུལ་པ་ཀྱི་འདོན་འཇུག་ཚད་མི་ཐེངས་ཁྲི་50ཟིན་ཡོད་པ་རེད།     ཁུལ་ཡོངས་ཀྱི་ཡུལ་སྐོར་བླ་གཏོང་རླངས་འཁོར་གྱི་ཁེ་ལས་8ནས་22བར་མང་དུ་ཕྱིན་པ་དང་།            དྲ་འབོད་གླ་འཁོར་ཀྱི་ཁེ་ལས་6ནས་20བར་མང་དུ་ཕྱིན་པ་དང་གྲོང་ཁུལ་ནས་མཛེས་ལྗོངས་ཁུལ་བར་ཐད་གཏོང་རླངས་འཁོར་དང་སྒྲིག་སྲོལ་གཏན་འཁེལ་སྤྱི་སྤྱོད་རླངས་འཁོར་ཁྱབ་ཚད་80%ལས་བརྒལ་ཡོད་པ་རེད།
    སྣ་མང་འབྲེལ་མཐུད་སྐྱེལ་འདྲེན་ནི་ལས་ཕྱོད་དང་ཉམས་ལེན་གྱི་རིམ་སྤར་ཉིས་བརྩེགས་ཡིན། ཡང་ཐང་འབབ་ཚུགས་ཀྱིས་འཆར་འགོད་བྱས་པའི་གཞུང་ལམ་དང་ལྕགས་ལམ་མཉམ་སྐྱེལ་ཟོག་འགྲེམས་གླིང་གིས་དངོས་ཟོག་“སྒོ་ནས་སྒོ་སྐྱེལ་འདྲེན་བར”ཁེ་ལས་གྱི་ཟོག་འགྲེམས་མ་གནས་14%ཡས་མས་དམའ་རུ་གཏོང་རྒྱུ་ཡིན་པ་རེད། ཡུལ་སྐོར་བ་རྣམས་ཀྱིས་བརྒྱུད་བགྲོད་གྱི“མྱུར་བགྲོད་ལྕགས་ལམ་+རླངས་འཁོར་གླ་རྒྱུ”དང་། “གནམ་གྲུ་+མཛེས་ལྗོངས་ཁུལ་ཐད་གཏོང་རླངས་འཁོར་”སོགས་ཀྱི་བྱ་ཐབས་སྤྱད་དེ་སྲུབས་མེད་སྦྲེལ་མཐུད་བྱས་ཏེ་སེམས་ཀྱི་ཉི་ཟླ་འབབ་ཚུགས་ནས་འབབ་རྗེས་སྐར་མ་10ནང་དྲ་འབོད་གླ་འཁོར་ལ་བརྗེ་ནས་རྡོ་མཁར་རྫོང་དུ་ཐད་ཀར་སྐྱོད་ཆོག་པ་རེད།
    ཉེ་བའི་ལོ་ཤས་རིང་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆི་པེ་གྲོང་ཚོས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་མཛེས་ལྗོངས་དང་གཏིང་ཟབ་པའི་མི་རིགས་ཀྱི་རིག་གནས་སོགས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས།    སྟབས་བདེའི་“ཞིང་དུད་སྤྲོ་སྐྱིད་”དང་“གྲོང་གསེབ་ཡུལ་སྐོར་”གྱི་རྨང་གཞི་ཐོག་བསྐྱེད་བུ་ཞིབ་འཇུག་དང་།  ཞིང་ལས་ཉམས་ལེན་།  རི་སྟེང་དུ་འཐུ་རྒྱུ།  མངོན་མེད་རིག་གནས་ཤུལ་བཞག་རིག་གནས་སོགས་ཀྱི་གཞི་རྒྱུ་བསྣན་ནས་མངོན་འགྱུར་གྱི་བྱེད་ནུས་རིམ་སྤར་དང་།    ལས་རྣམ་སྣུར་སྒྲིག  ཞབས་ཞུ་མཐོ་རུ་གཏོང་བ་བཅས་བྱས་པས་ཡུལ་སྐོར་གནས་སྡོད་དང་མཉམ་འདྲེས་ཐུབ་པ་དང་ས་མཐོའི་གྲོང་གསེབ་ཀྱི་གྲོང་གསེབ་ཀྱི་སྙན་ངག་ཉམས་ལེན་ཐུབ་པ་དང་མངོན་འགྱུར་གྱིས་ཡུལ་སྐོར་བ་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་དང་ཡུལ་སྐོར་རིགས་བསྒྱུར། རིམ་སྤེལ་ལ་སྐུལ་འདེད་གཏོང་བ་མངོན་འགྱུར་བྱང་ལ། གྲོང་གསེབ་གྱི་སྐད་གྲགས་དང་ཡིད་དབང་འགུགས་ནུས་མཐོར་རུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ལ་སྐུལ་ཁྲིད་བྱེད་པ། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྲོང་ཚོ་གཙོ་བོ་ཁྲོད་ཆེས་མཛེས་སྡུག་ལྡན་པའི་ཕ་ཡུལ་དྲན་པ། གསེར་གྱི་རྟགས་ཅན་གྱི་ཡུལ་སྐོར་གྲོང་ཚོ་བཅས་སུ་བདམས་པ་རེད།
    རྨང་གཞིའི་སྒྲིག་བཀོད་རིམ་སྤར་དང་བདེ་ཆེན་དུ་ཡུལ་སྐོར་བ་ཞབས་ཞུའི་ལྟེ་གནས་དང་། གློག་རྡུལ་ལྟ་སྟོན། གད་སྙིགས་རིགས་དབྱེ་སྒྲིག་ཆས་བཅས་གསར་དུ་བསྣན་ནས་མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད། གྲངས་གཞི་ལས་མངོན་པར། 2024ལོར་ཁུལ་ཡོངས་ཀྱི་རིམ་རྩིས་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3122.98སྣེ་ལེན་བྱས་པ་དང་། དུས་མཚུངས་སྔོན་རྩིས་23.83%འཕར་བ།      མངོན་འགྱུར་གྱི་ཡུལ་སྐོར་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་352.91འདྲ་མཚུངས་སྔོན་རྩིས་17.78%འཕར་བ། ཡུལ་སྐོར་བ་གྲངས་འབོར་དང་ཡུལ་སྐོར་འགྲོ་སོང་བསྡོམས་འབོར་གཉིས་ཀ་ལོ་རྒྱུས་ཀྱི་མཐོ་ཤོས་ཟིན་པས། འཕར་ཚད་གྲལ་གནས་གཉིས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།