རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
མཛེས་པའི་མཐོ་སྒང་ཡུལ་ལ་དཔྱིད་ཀྱི་དཔལ་ཡོན་ཤར་བྱུང་། ད་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོའི་ཞིང་རའི་ནང་བྲེལ་འཚུབ་ཆེ་བའི་རྨོ་འདེབས་ཀྱི་རྣམ་པ་མངོན་ཡོད། ཞིང་ལས་འཕྲུལ་འཁོར་གྱིས་རྨོ་འདེབས་བྱེད་པའི་སྒྲ་དེ་གང་སར་ཁྱབ་ཅིང་ཞིང་པ་རྣམས་ཀྱིས་ཞིང་ལས་ཀྱི་དུས་ཚིགས་དམ་འཛིན་བྱས་ནས་རེ་བའི་ས་བོན་འདེབས་བཞིན་ཡོད། རྨོ་འདེབས་ལས་ཀ་བདེ་བླག་ངང་སྤེལ་བར་འགན་ལེན་བྱ་ཆེད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཞིང་ལས་སྡེ་ཚན་གྱིས་སྔོན་ལ་བཀོད་སྒྲིག་དང་ཞིང་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ་ཞིང་ནང་དུ་ཕྱིན་ནས་ལག་རྩལ་མཛུབ་ཁྲིད་དང་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་མ་ཟད། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ས་བོན་དང་། ལུད་རྫས། ཞིང་སྨན་སོགས་དངོས་རྫས་འདང་ངེས་མཁོ་འདོན་བྱས་ཡོད།