ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片

        ཟླ4པའི་ཚེས་7ཉིན་གྱི་སྔ་དྲོ།    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་དང་རྒྱལ་ཐང་གྲོང་རྡལ་དུ་བརྟག་ཞིབ་ཕེབས་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་ལྡོག་སྐྱེལ་གནད་དོན་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་དུས་སུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་བེད་སྤྱོད་ནན་ཏན་བྱས་ཏེ།    སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཇེ་ཆེར་གཏོང་དགོས།    གཙོ་གནད་མངའ་ཁོངས་དང་གཙོ་གནད་ལྷུ་ཚིགས་ལ་དམིགས་ནས།    གཅིག་ཤེས་ཀུན་གྲོལ་བྱས་ཏེ།    གནད་དོན་གཅིག་བཅོས་སྒྲིག་དང་གནད་དོན་རིགས་གཅིག་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས།    མྱུར་དུ་ཞིབ་བཤེར་རྩིས་ལེན་སྒྲིག་འཛུགས་བྱས་ཏེ།    ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་ནས་དུས་ཐོག་ཏུ་ཨང་རྟགས་མེད་པར་བཟོ་དགོས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་ཀྱི་རྨང་གཞི་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་བ། 

图片

        ལུའོ་ཁྲའོ་ཧྥེང་དང་བཅས་པས་འབྲི་ཆུའི་སྟག་མཆོང་གྲོག་རོང་གི་དུམ་བུ་བརྒྱུད་ས་གནས་ས་ཐོག་ཏུ་ས་སྙིགས་དོར་ས་བཅོས་སྒྲིག་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བཅོས་སྒྲིག་ལས་དོན་སྐུལ་འདེད་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།   སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་འབྲི་ཆུའི་འབབ་རྒྱུད་བདེ་ཆེན་དུམ་བུའི་གཞུང་རྒྱུན་དང་ཆུ་ལག་གཙོ་བོ།མཚེའུ་གཙོ་བོའི་ས་བསྐྱུར་སྙིགས་རོ་བསྐྱུར་བ་དང་གཙང་པོ་དང་མཚེའུ་ཡི་འགྲམ་རྒྱུད་བཙན་བཟུང་བྱེད་པ་སོགས་ཀྱི་སྒྲིག་འགལ་གནད་དོན་ཁྱོན་ཡོངས་ནས་གཙང་བཤེར་དང་་དག་ཐེར་བྱས་ཏེ། མཚོ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོའི་ལས་ཀར་ཤུགས་སྣོན་དང་སྔོ་ཁེབས་དོ་དམ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གོང་འོག་མཉམ་འགུལ་དང་། འཕྲེད་ཕྱོགས་སུ་ཤར་གཏོང་། མཐུན་སྦྱོར་མཉམ་ཤུགས་འགག་སྒྲོལ་བཅས་ཀྱི་ལས་ཀའི་རྣམ་པ་སྔར་བས་ཆགས་པ་བྱེད་དགོས། གཅིག་ཤེས་ཀུན་གྲོལ་དང་རིགས་འདྲའི་གནད་དོན་ལ་རང་བཤེར་དང་། འགན་འཁྲི་གསལ་ཐོ་དང་དུས་བཀག་གསལ་ཐོ་བབ་བསྟུན་འཐུས་ཚང་དུ་གཏོང་བ། ཞིབ་བཤེར་བྱེད་ཞོར་དུ་ཡོ་བསྲང་དང་། འཕྲལ་སྒྲུབ་འཕྲལ་བཅོས་བྱེད་པ། དངོས་གནས་ཡོ་བསྲང་བྱེད་པ་བཅས་བྱེད་དགོས། མིག་སྔར་ཡོ་བསྲང་དང་དུས་ཡུན་རིང་པོར་འཛུགས་པ་ཟུང་འབྲེལ་དང་། འཕྲལ་བཅོས་དང་རྩ་བཅོས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། དག་ཐེར་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། རང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་སྟེ། རང་རྒྱལ་གྱི་ལྷོ་ནུབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་དུ་ལུའོ་ཁྲའོ་ཧྥེང་གིས་འཛུགས་སྐྲུན་གྱི་གད་སྙིགས་ཁྲིམས་འགལ་གྱིས་ནགས་ཚལ་དང་རྩྭ་ཐང་བཙན་བཟུང་བྱེད་པའི་གནད་དོན་དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་གཙོ་གནད་ཐོག་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། ལས་ཀའི་བྱ་ཐབས་སྔར་བས་ཞིབ་ཕྲ་བཟོ་བ། རང་བྱུང་རྩྭ་རའི་སྐྱེ་ཁམས་སླར་གསོ་དང་། འཛུགས་སྐྲུན་གྱི་གད་སྙིགས་ཀྱིས་ཕྱུགས་རྩྭ་རྩྭ་རའི་སྐྱེ་ཁམས་སླར་གསོ། ཁུལ་ཡོངས་ཀྱི་འཛུགས་སྐྲུན་གྱི་གད་སྙིགས་ཀྱི་སྦགས་བཙོག་འགོག་བཅོས་ལས་དོན་བཅས་ཀྱི་འཆར་འགོད་སྒྲིག་བཟོ་མགྱོགས་སུ་གཏོང་བ། ཁྲིམས་སྲོལ་གཞིར་བཟུང་འཛུགས་སྐྲུན་གྱི་གད་སྙིགས་གཙང་སེལ་ལྟ་སྐུལ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། འཛུགས་སྐྲུན་གྱི་གད་སྙིགས་སྒྲིག་འགལ་ངང་ཕྱིར་འབུད་བྱེད་པར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཚུར་ལན་གནད་དོན་བཅོས་སྒྲིག་མཐར་ཕྱིན་པ་དང་། གནད་ལ་འཁེལ་བ། ཕན་འབྲས་ཐོན་པ། བསྐྱར་ལོག་མི་བྱེད་པ་བཅས་ཀྱི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        ལུའོ་ཁྲའོ་ཧྥེང་གིས་ཆུ་བོ་སྐོར་ཞིབ་བྱེད་སྐབས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ། མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ“གཙང་པོ་དང་མཚེའུ་ཡི་ཆུ་དཔོན་ལམ་ལུགས་”ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཆུ་དཔོན་ལམ་ལུགས་ཀྱིས་ཆུ་དོ་དམ་དང་། ཆུ་སྲུང་སྐྱོང་། ཆུ་བཅོས་སྐྱོང་བཅས་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གཙང་པོ་ཤར་གཏོང་དང་། དྭངས་ཤིང་གཙང་བ། ངོགས་ལྗང་། མཛེས་ལྗོངས་བཅས་ཐུབ་པ་བྱས་ནས་ཁུལ་ཡོངས་ཀྱི་གཙང་པོ་དང་མཚེའུ་སྲུང་སྐྱོང་དང་བཅོས་སྐྱོང་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཁུལ་འགོ་ཁྲིད་ཁྲེན་ཆུན་དང་ལི་ཐའོ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་བཅས་ཞུགས་པ་རེད།