མེ་ཏོག་གི་ཟེའུ་རྡུལ་སོགས་མི་འཕྲོད་ན་འདི་ལ་གཟིགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-08   རྩོམ་ཁུངས།    ཁམས་པའི་བརྙན་འཕྲིན།

图片
        ཞིབ་འཇུག་ལས་མངོན་པ་ལྟར་ན་ཞོགས་པ་དང་ས་སྲོད་ནི་མེ་ཏོག་གི་ཟེའུ་རྡུལ་མང་བའི་སྐབས་ཡིན་པས་ཚོར་བ་ལོག་པའམ་དེ་མི་འཕྲོད་མཁན་ཡིན་ན་འདིའི་སྐབས་སུ་ཕྱི་ལ་འགྲོ་དུས་གཟབ་གཟབ་བྱ་དགོས།
ཕྱི་ལ་འགྲོ་སྐབས་ཁ་རས་དང་མིག་སྲུང་མིག་ཤེལ། ཉི་ཤེལ། ཕུ་རུང་ཡོད་པའི་གྱོན་ཆས་དང་ཞྭ་མོ་གྱོན་ནས་ཤ་པགས་དང་སྣ་མིག་བཅས་ལ་ཚོར་ལོག་མི་ཐེབས་པར་བྱ་དགོས། ཆར་པ་བབས་རྗེས་སུ་མཁའ་རླུང་གཙང་ཞིང་བརླན་གཤེར་ཅུང་ཆེ་བ་དང་། མེ་ཏོག་གི་ཟེའུ་རྡུལ་དེ་ཙམ་སྟུག་པོ་མིན་པས་ཕྱི་རོལ་དུ་བསྐྱོད་ན་ལེགས་པ་རེད། 

    རླུང་འཚུབ་ཆེ་བའམ་ཟེའུ་རྡུལ་དང་ལྕང་བལ་མོད་པའི་སྐབས་སུ་སྒོ་རུ་མ་སོང་ན་ལེགས་ཀྱང་། གལ་ཏེ་སྒོ་རུ་སོང་བ་ཡིན་ན་ཁྱིམ་ལ་ལོག་རྗེས་མྱུར་བར་ཁ་ངོ་འཁྲུད་པ་དང་། སྣ་ཁུང་ཚྭ་ཆུས་བཀྲུ་ཞིང་གྱོན་གོས་སོགས་བརྗེ་ན་ཚོར་ལོག་མི་ཐེབས་པར་ཕན།

图片

        གཟའ་འཁོར་རེར་ཁྱིམ་དུ་གཙང་སྦྲ་ལེགས་པོ་བྱེད་ཅིང་། རས་ཕྱགས་བརླན་པའམ་ཡང་ན་རྔུབ་ཕྱགས་སྤྱད་ནས་པང་གཅལ་གཙང་མ་བྱེད་དགོས། ཁང་བའི་ནང་གི་བརླན་ཚད་40%ནས་50%ཙམ་བྱས་ན་རློམ་སྲིན་མི་འབྱུང་བ་དང་རྡུལ་སྲིན་མི་གནས་པར་ཕན་པ་རེད།

        ད་དུང་བརླན་གཤེར་ཆེ་བའི་དུས་ཚིགས་དང་བཞའ་ཚན་ཡོད་སར་བརླན་སེལ་འཕྲུལ་འཁོར་རམ་དྲོ་གྲང་སྙོམས་ཆས་སྤྱད་ནས་བརླན་གཤེར་མེད་པར་བྱ་དགོས་ལ་རྒྱུན་དུ་སྒོ་དང་སྒེའུ་ཁུང་ཕྱེ་ནས་ཁང་པའི་ནང་གི་དྲོ་གྲང་མཉམ་པར་བྱ་དགོས། 

        རྒྱུན་པར་དུས་ལྟར་ཉལ་གདན་དང་། ཉལ་ཐུལ། མགོ་སྔས་སོགས་ཉལ་ཆས་རྣམས་གཙང་མ་བཀྲུ་དགོས་པ་མ་ཟད། དྲོ་ཚད་50℃ཡན་གྱི་ཆུ་ཚ་མོས་བཀྲུ་བའམ་དྲོད་ཚད་མཐོན་པོའི་སྐམ་ཐབས་སྤྱད་ནས་རྡུལ་སྲིན་མེད་པར་བྱ་དགོས།

图片