རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཉེ་བའི་ལོ་འགའི་རིང་། རང་ཁུལ་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་ནས། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་ཕན་འབྲས་ཐོན་ཡོད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱ་ལམ་སྡེ་ཁུལ་དུ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། སྔོན་ཆད་སྡེ་ཁུལ་ལས་བྱེད་པ་རྣམས་རྒྱུན་དུ་ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ་སྣ་ཚོགས་དང་། རྙོག་འཛིང་ཆེ་བའི་སྲིད་དོན་གོ་རིམ་སོགས་ཀྱིས་བཀག་སྡོམ་བྱས་པས། ལས་ཀའི་སེམས་ཤུགས་ཁ་ཐོར་དུ་གྱུར། རང་ཁུལ་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་ཆབས་ཅིག་ཚོགས་འདུ་ཐུང་ཐུང་འཚོགས་པ་དང་སྐད་ཆ་ཐུང་ཐུང་བཤད་རྒྱུ་དེ་རྒྱུན་ལྡན་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད། རྒྱ་ལམ་སྡེ་ཁུལ་གྱི་གྲོང་མི་ལིའུ་ཅི་ཀོང་གིས“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་པ་ནས་བཟུང་། སྤྱི་ཚོགས་ཀྱི་དར་སྲོལ་ཇེ་བཟང་ནས་ཇེ་བཟང་རེད། བག་མེད་ཆུད་ཟོས་ཀྱི་སྣང་ཚུལ་ཇེ་ཉུང་དུ་སོང་འདུག ཏང་ཨུ་རིམ་པ་ཁག་དང་སྲིད་གཞུང་ཀྱིས་དམངས་འཚོ་ལ་སྔར་ལས་དོ་ཁུར་བྱེད་པ། ང་ཚོའི་ས་གནས་དེ་གའི་འགྲོ་ལམ་དང་འགྲིམ་འགྲུལ་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་མི་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་མཐོར་ཕྱིན་ཡོད་ཅེས་བཤད།
ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ལས་དོན་ཨུ་ཡོན་ཧོང་ཝུན་ཆོན་གྱིས་མིག་སྔར། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་དང་སློབ་སྦྱོང་སློབ་གསོ་དེ་རང་ཁུལ་དུ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་དང་། སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ཁོང་དུ་ཆུད་པ། སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་བརླིང་བཅས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཞིབ་ཕྲ་ཞིག་ཏུ་བསྒྱུར་ནས། ལས་བྱེད་པར་སློབ་གསོ་ཐོབ་པ་དང་མང་ཚོགས་ལ་ཕན་པ་ཐོབ་པའི་རྣམ་པ་བཟང་པོ་ཧུར་ཐག་བསྐྲུན་དགོས་ཞེས་བཤད་བྱུང་།