ཁུལ་འགོ་ཁྲིད་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་སློབ་སྦྱོང་འཛིན་གྲྭ་དང་ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་བཅས་ཀྱིས་གཅིག་སྡུད་སློབ་སྦྱོང་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

111.png

        ཟླ་4པའི་ཚེས་7ཉིན་ནས་ཚེས་9ཉིན་བར་ཁུལ་གྱི་འགོ་ཁྲིད་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་གཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་སློབ་སྦྱོང་འཛིན་གྲྭ་དང་ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གཅིག་སྡུད་སློབ་སྦྱོང་བྱས་པ་དང་། ཉིན་གཉིས་དང་ཕྱེད་ཀའི་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད། དེ་བཞིན་ལག་བསྟར་ཞིབ་སྲོལ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ། “འགག་རྩའི་ཉུང་ཤས”དང “སྣེ་ཁྲིད་ནུས་པ”འདོན་སྤེལ་ཏན་ཏིག་བྱས་ཏེ་ཁུལ་ཡོངས་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་དཔེ་སྟོན་སྐུལ་འདེད་གཏོང་།

        ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        ཀྲང་ཝེ་ཏུང་དང་། ལི་ཡན་ལན། མེའོ་ཡིའུ་ཧྥ། དབྱང་ཙི་ཅང་། ལི་དབྱང་། ཁྲེན་ཆུན། ལུའུ་ཀྲི་ཅུན། དབྱང་ཞུའེ་ཝུན། ཞུང་ཝུན་པིན་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

        ལུའོ་ཁྲའོ་ཧྥེང་གིས་ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་དང་དམངས་སྲོལ་ལ་ཁྲིད་སྟོན་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་ལག་བསྟར་བྱེད་དེ་ཁུལ་ཡོངས་ཀྱི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གི་གོམ་སྟབས་མཚམས་མི་འཇོག་པ་དང་། ངར་ཤུགས་མི་གློད་པ། སླར་ཡང་འགོ་ཚུགས་པ་བཅས་ལ་སྐུལ་འདེད་གཏོང་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ། རང་ཁུལ་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཉུང་ཤས་ཀྱི་དམིགས་བསལ་དབང་ཆའི་བསམ་བློ་དང་། དམིགས་བསལ་དབང་ཆའི་བྱ་སྤྱོད་མངོན་གསལ་བྱུང་བ་དང་། སྤྱོད་ཚུལ་གསར་བརྗེ། ཕན་ནུས་གསར་བརྗེ་རྗེས་སུ་ལུས་པ་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཡག་པོ་སྐྱོད་དགོས། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས“སྤྱོད་ཚུལ་བཞིའི”གནད་དོན་མུ་མཐུད་བཅོས་སྒྲིག་བྱེད་དགོས་ཞེས་བསྟན་པ།

        ལུའོ་ཁྲའོ་ཧྥེང་གིས་སྣེ་ཁྲིད་དེ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་ལྷག་པར་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དང་ཏང་ཡོན་ལས་བྱེད་པའི་སློབ་གསོ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་དགོས། སྣེ་ཁྲིད་དེ་ཞིབ་བཤེར་ཐག་གཅོད་ཏན་ཏིག་དང་། དག་ཐེར་བཅོས་སྐྱོང་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས། ཉེན་བརྡ་གཏོང་བའི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འཇིགས་བཀུར་ཤེས་པ་དང་། དོགས་ཟོན་དང་སྐྲག་སྣང་སྐྱེས་པ། མཐའ་ཚད་སྲུང་བར་བཅུག་པ་བྱེད་དགོས་དང་། སྣེ་ཁྲིད་དེ་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ“ཁྲལ་སེལ་སླ་བཅོས་”དང་། ཕྱི་ཚུལ་རིང་ལུགས། “དམའ་རིམ་དམར་པོ” “མཐོ་རིམ་ནག་པོའི”གནད་དོན་བཅས་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་གནང་བ།

        སློབ་སྦྱོང་འཛིན་གྲྭའི་སྐབས་སུ། ཚང་མས་གཅིག་སྡུད་ཀྱིས་སློབ་སྦྱོང་དང་། སྒེར་གྱིས་རང་སྦྱོང་། ཞིབ་བསྡུར་སྤེལ་རེས་སོགས་ཀྱི་རྣམ་པ་བརྒྱུད་དེ། མ་རྩོམ་ཀློག་པ་དང་། མ་ཡིག་སློབ་པ། རྩ་བའི་རིགས་པ་རྟོགས་པ་བཅས་བྱས་ཏེ། རང་འགུལ་གྱིས་རང་ཉིད་དེའི་ནང་ཞུགས་པ་དང་། འགན་འཁྲི་དེའི་ནང་ཞུགས་པ། ལས་ཀ་དེའི་ནང་ཞུགས་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་གནད་དོན་འཚོལ་བ་དང་ཧེ་བག་འཚོལ་བ།

        ཁུལ་ཨུའི་རྒྱུན་ཨུ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་འགོ་ཁྲིད་ཚན་པའི་ཁོངས་མི། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་བཅས་སློབ་སྦྱོང་འཛིན་གྲྭར་ཞུགས་པ་རེད།