རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ4པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དུ་འབྲེལ་མཐུད་ལས་དོན་སྙན་སེང་ཞུས་པ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཏང་ཙུའུ་ཧྲུའུ་ཅི།ཐིང་ཀྲང་ལིའུ་ལི་ཀྲི་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ།
བཞུགས་མོལ་ཚོགས་འདུའི་ཐོག བདེ་ཆེན་ཁུལ་གྱིས་ཕྱོགས་ཡོངས་ནས་ཉེ་བའི་ལོ་འགའི་རིང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་འཕེལ་རྒྱས་ཀྱི་ལས་ཀའི་གནས་ཚུལ་དང་ཐོབ་པའི་ཕན་འབྲས་སྙན་སེང་ཞུས་པ་མ་ཟད།འབྲེལ་ཡོད་དོན་ཚན་མཐུན་སྦྱོར་དང་ཐག་གཅོད་བྱེད་པར་རོགས་རམ་གནང་བར་རེ་འདུན་ཞུ་བ་རེད།
ལུའོ་ཁྲའོ་ཧྥེང་གིས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་དུས་ཡུན་རིང་པོའི་ནང་བདེ་ཆེན་གྱི་ལས་ཞུགས་དང་ལས་གཏོད། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ལས་དོན་ལ་དམིགས་བསལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་གིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ནུས་ལྡན་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་མཛུབ་ཁྲིད་དང་རོགས་རམ་འོག བདེ་ཆེན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བཞིན་རྒྱབ་སྐྱོར་དང་། ལྷག་པར་དུ་ལས་འཁྱུར་ངལ་གསོ་ནར་འགྱངས་བསྒྱུར་བཅོས་དང་། ལས་ཞུགས་མ་དངུལ་སོགས་ཀྱི་ཐད་མཛུབ་ཁྲིད་དང་། རོགས་རམ། རྒྱབ་སྐྱོར་བཅས་བྱས་ཏེ་བདེ་ཆེན་གྱི་ལས་དོན་བྱ་གཞག་ཁག་འཕེལ་རྒྱས་གཏོང་རྒྱུར་རེ་བ་ཞུས་པ་རེད།
ལིའུ་ལི་ཀྲི་ཡིས་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་འབྲེལ་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། བདེ་ཆེན་གྱིས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། བདེ་ཆེན་ཁུལ་གྱིས་ལས་ཞུགས་བརྟན་པོ་དང་རྩལ་ནུས་གསོ་སྦྱོང་སོགས་ཀྱི་གཙོ་གནད་ལས་དོན་ལ་སྔར་བས་དམ་འཛིན་ཡག་པོ་བྱེད་དགོས་པའི་རེ་བ་བཏོན་པ་རེད།
ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འགོ་ཁྲིད་ཞོན་ཁྲེང་། ཧུའུ་ཞའོ་པིང་དང་དེ་བཞིན་འབྲེལ་ཡོད་གཞུང་སྒྲུབ་ཁང་གི་འགན་འཁུར་བ། རང་ཁུལ་གྱི་འགོ་ཁྲིད་ཧུའུ་ཧྥེ་ཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།