རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ4པའི་ཚེས14ཉིན།རང་ཁུལ་གྱི་2025ལོའི་གྲོང་ཁུལ་ལས་ཁུངས་ཀྱི་དཔྱིད་ཀའི་འོས་འགན་སྡོང་འཛུགས་བྱ་འགུལ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་ཚོའི་མཚོ་མགོ་ལུང་གྲོང་མིའི་ཚོ་ཆུང་དུ་སྤེལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་སོགས་ཁུལ་ཚན་པ་བཞིའི་འགོ་ཁྲིད་དང་ཁུལ་རིམ་པའི་ལས་ཁུངས་ཀྱི་ལས་བྱེད་པ་ཁག་གཅིག རྒྱལ་ཐང་གྲོང་རྡལ་གྱི་མང་ཚོགས། རྒྱལ་ཐང་ནགས་རའི་ནགས་སྲུང་པ་བཅས་ཀྱིས་ཐུན་མོང་ཐོག་སྡོང་ཕུང་འཛུགས་ནས་ལག་ལེན་དངོས་ཀྱིས་འབྱུང་འཕྲོད་གོང་འཕེལ་ཀྱི་འདུ་ཤེས་ལྟ་བ་དོན་འཁྱོལ་བྱས་ཏེ། དམངས་ཡོངས་ཀྱིས་སྔོ་ལྗང་སྲུང་སྐྱོང་དང་སྔོ་ལྗང་མཛེས་སྡུག་ལྡན་པའི་བདེ་ཆེན་མཉམ་སྐྲུན་བྱེད་པའི་ཚ་རླབས་འཕྱུར་ཡོད།
སྔ་དྲོའི་ཆུ་ཚོད་10ཡོལ་ཙམ་ལ་སྡོང་ཕུང་འཛུགས་པའི་ཡུལ་དངོས་སུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག ཁུལ་འགོ་ཁྲིད་ཚོས་ལས་བྱེད་མང་ཚོགས་དང་ལས་བགོས་མཉམ་ལས་བྱས་ཏེ་སྡོང་ཕུང་རེ་རེ་གཅིག་རྗེས་གཉིས་མཐུད་དུ་བཙུགས་ནས་ཉམས་ལེན་འབད་སྒྲུབ་ཀྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྡོང་འཛུགས་ནགས་བཟོའི་ནང་ཧུར་ཐག་ཞུགས་ནས་སྐྱེ་ཁམས་དཔལ་ཡོན་ཁྱབ་སྤེལ་བྱེད་མཁན་དང་། ལག་ལེན་བྱེད་མཁན། སྐུལ་འདེད་གཏོང་མཁན་བཅས་བྱེད་དགོས་པའི་འབོད་སྐུལ་བྱས་པ། སྡོང་ཕུང་འཛུགས་སྐབས་ལུའོ་ཁྲའོ་ཧྥེང་གིས་ནགས་ཚལ་དང་རྩྭ་ཐང་སྡེ་ཁག་ལས་དོན་མི་སྣར་ཤིང་སོན་སྣ་རིགས་ཀྱི་ཁྱད་ཆོས་དང་། རྒྱུན་ལྡན་གྱི་བདག་སྐྱོང་བྱེད་ཐབས། འདེབས་འཛུགས་གྲངས་འབོར་སོགས་ཀྱི་གནས་ཚུལ་འདྲི་རྩད་བྱས་པ་མ་ཟད། སྡོང་ཕུང་དོ་དམ་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབས་ནས་སྡོང་ཕུང་གསོན་ཚད་མཐོ་རུ་གཏོང་དགོས་པའི་མངགས་བྱ་ཡང་གནང་བ་རེད།ཁོང་གིས་རིམ་པ་ཁག་གི་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གཏིང་ཟབ་ཀྱིས་དོན་འཁྱོལ་དང་། ནན་ཏན་སྒོས་ཞིང་ཨུའི་“སྡོང་བོ་མང་ཚོགས་ཀྱི་གམ་དུ་འཛུགས་པ་དང་། ཁང་པའི་རྒྱབ་མདུན་དུ་འཛུགས་པ། སྲང་འགྲམ་དང་ལམ་འགྲམ་དུ་འཛུགས་པའི”བླང་བྱ་དོན་འཁྱོལ་བྱས་ནས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་ལྗང་མཛེས་བཟོའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་སྡོང་འཛུགས་ནགས་བཟོའི་གོ་སྐབས་ཡག་ཤོས་དམ་འཛིན་བྱེད་དགོས་པ་དང་།སྤྱི་ཚོགས་ཡོངས་སུ་ལྗང་འཛུགས་ལྗང་འཕེལ་དང་ལྗང་གཅེས་ལྗང་སྲུང་གི་རྣམ་པ་ཟབ་མོ་བསྐྲུན་ནས་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་ཞེས་ནན་གྱིས་བསྟན།
རྒྱུས་ལོན་བྱུང་བ་ལྟར་ན། 2025ལོར་ཁུལ་ཡོངས་ཀྱིས་དམངས་ཡོངས་ཀྱི་འོས་འགན་སྡོང་རྐང་ཁྲི་100འདེབས་འཛུགས་བྱ་རྒྱུ་ཡིན་པ་མ་ཟད། ཉེ་བའི་ལོ་གཉིས་རིང་གི་འོས་འགན་ཤིང་འཛུགས་ས་ཞིང་ལ་གསབ་འཛུགས་དང་གསོ་སྐྱོང་དོ་དམ་སྲུང་སྐྱོང་གི་ལས་དོན་སྤེལ་རྒྱུ་རེད། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་གཏིང་ཟབ་སྒོས་གྲོང་ཁྱེར་དང་གྲོང་གསེབ་སྔོ་ལྗང་མཛེས་བཟོ་ལས་གྲྭ་ལག་བསྟར་བྱས་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་མ་ལག་གི་བཅོས་སྐྱོང་གཅིག་གྱུར་འཆར་འགོད་བྱས་ཏེ། ནགས་ཚལ་སྐྱེ་ཁམས་མ་ལག་འཛུགས་སྐྱོང་འཐུས་ཚང་དུ་གཏོང་རྒྱུ་དམིགས་ཚད་དུ་བྱས་པ་དང་།རང་བྱུང་ནགས་ཚལ་སྲུང་སྐྱོང་དང་བྲག་ཞུན་ས་ཁུལ་བྱེ་རྡོ་ཅན་དུ་འགྱུར་ཚུལ་ཕྱོགས་བསྡུས་བཅོས་སྐྱོང་སོགས་ནགས་ཚལ་དང་རྩྭ་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱིས་སྐུལ་ཁྲིད་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་ལ་སྐུལ་འདེད་གཏོང་བ་དང་། ནགས་ཚལ་དང་རྩྭ་ཡི་ཐོན་ཁུངས་སྲུང་སྐྱོབ། ནགས་ཚལ་དང་རྩྭ་ཡི་སྔོ་ཁེབས་མང་དུ་གཏོང་བ་བཅས་གཙོ་གནད་དུ་བཟུང་སྟེ། སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཀྱི་དཔལ་ཡོན་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱབ་ཡོད། 2022ལོ་ནས་2024ལོའི་བར། ཁུལ་ཡོངས་ཀྱིས་འོས་འགན་སྡོང་རྐང་ཁྲི་732.4འདེབས་བཙུགས་བྱས་ཡོད་པ་རེད།