རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།རྒྱལ་ཁབ་ཤེས་རིག་བདག་དབང་ཅུས་ཀྱིས་གསལ་བསྒྲགས་ཨང་དྲུག་གཉིས་ལྔ་ཁྱབ་བསྒྲགས་བྱས་ནས། 2025ལོའི་ཟླ་4པའི་ཚེས་1ཉིན་ནས་བཟུང་“སེམས་ཀྱི་ཉི་ཟླའི་ནོར་ཤ་”ལ་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་ལག་བསྟར་བྱ་རྒྱུ་རེད། འདི་ནི་བདེ་ཆེན་ཁུལ་གྱི་“སེམས་ཀྱི་ཉི་ཟླའི་བེ་ཤ”་དང་“སེམས་ཀྱི་ཉི་ཟླའི་བོད་སྨན། ”“འབའ་ལུང་མེ་ཏོག་སྣ་བརྒྱའི་སྦྲང་རྩི”རྗེས་ཀྱི་ཨང་4པའི་རྒྱལ་ཁབ་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ཡིན་པ་རེད།
ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ཀྱི་ངོས་འཛིན་ནི་“སེམས་ཀྱི་ཉི་ཟླའི་ནོར་ཤ་”ཐོན་རྫས་ཀྱི་སྤུས་ཚད་དང་རྒྱུ་སྤུས་ཀྱི་ཆེས་ནུས་ལྡན་གྱི་ར་སྤྲོད་ཞིག་ཡིན་པས། དེས་རིགས་མཐུན་ཐོན་རྫས་ཁྲོད་ཐུན་མོང་མ་ཡིན་པའི་ལེགས་ཆ་བཟུང་ཡོད་པ་རེད།
སེམས་ཀྱི་ཉི་ཟླའི་འབྲི་གཡག་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ས་མཐོའི་དམིགས་ལྡན་གྱི་ཕྱུགས་རིགས་དཀོན་པོ་ཤིག་ཡིན་ལ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ནས་4500བར་གྱི་ས་མཐོའི་སྟེང་མཚོ་གནས་བྱེད་ཀྱི་ཡོད། བསྡོམས་རྩིས་བྱས་པ་ལྟར་ན།བདེ་ཆེན་ཁུལ་གྱི་ལོར་ཉར་ཚགས་བྱས་པའི་མགོ་གྲངས་ཁྲི་20ཙམ་ཟིན་པ་དང་། ལོ་རེར་ནོར་ཤ་ཏུན་ཁྲི་1.2ཐོན་པ། འོ་བཟོས་བཟའ་བཅའ་(མར་དང་ཕྱུར་བ)ཡི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་ཡོད་པ་རེད།
བདེ་ཆེན་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་དང་ཞིང་ལས་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། 2010ལོའི་ཟླ་11པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞིང་ལས་པུའུ་ཡིས“སེམས་ཀྱི་ཉི་ཟླའི་ནོར་ཤ”ལ་ཞིང་ལས་ཐོན་རྫས་ས་ཁམས་མཚོན་རྟགས་ཀྱི་ཐོ་འགོད་སྲུང་སྐྱོང་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད།2020ལོའི་ཟླ5པར།“སེམས་ཀྱི་ཉི་ཟླའི་ནོར་ཤ”རྒྱལ་ཁབ་ཀྱི་ཕྱུགས་རིགས་དང་ཁྱིམ་བྱའི་རྒྱུད་འཛིན་ཐོན་ཁུངས་ཀྱི་རིགས་རྒྱུད་མིང་གཞུང་དུ་བདམས་པ། 2022ལོའི་ཟླ4པར།རྒྱལ་ཁབ་ཤེས་རིག་བདག་དབང་ཅུས་ཀྱིས་“སེམས་ཀྱི་ཉི་ཟླའི་ནོར་ཤ་”ནི་རིགས་29ནོར་ཤ་ས་ཁམས་མཚོན་རྟགས་བདེན་དཔང་ཚོང་རྟགས་ཡིན་པ་གསལ་བསྒྲགས་བྱས་པ་རེད།