ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་དགུ་བས་ཚོགས་འདུ་(རྒྱས་འཛོམས)ཐེངས125པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ4པའི་ཚེས16ཉིན།ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་དགུ་བས་ཚོགས་འདུ(རྒྱས་འཛོམས)ཐེངས125པ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཨུའི་འབྲེལ་ཡོད་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། རང་ཁུལ་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་བ།

    ཀྲང་ཝེ་ཏུང་དང་།    ལི་ཡན་ལན།    མེའོ་ཡིའུ་ཧྥ་བཅས་ཚོགས་འདུར་ཞུགས་པ།    

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ3པའི་ཚེས31ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། སྐབས་ཉི་ཤུ་བའི་ཀྲུང་དབྱང་རེས་སྐོར་ལྔ་བའི་སྐོར་ཞིབ་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་གི་སྐོར་ཞིབ་སྣུར་སྲིང་ཞིབ་བཤེར་ལས་དོན་འདི་ཉིད་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་གཞོགས་འདེགས་དང་ལེགས་པར་སྒྲུབས་སྟེ། ནན་ཏན་སྒོས་《སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་སྐོར་ཞིབ་ལས་དོན་ལ་གཞོགས་འདེགས་བྱེད་པའི་གཏན་འབེབས་》དོན་འཁྱོལ་བྱས་ནས་སྐོར་ཞིབ་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་དགོས། སྐོར་ཞིབ་བྱེད་ཞོར་དུ་དག་བཅོས་བྱེད་པ་དང་།  འཕྲལ་སྒྲུབ་འཕྲལ་བཅོས། བཅོས་སྒྲིག་ངོ་མ་དང་བཅོས་སྒྲིག་དངོས་བཅས་བྱེད་ཤུགས་ཆེ་རུ་གཏོང་ནས། འཕྲལ་དུ་བཅོས་སྒྲིག་ཐུབ་པ་མགྱོགས་མྱུར་ངང་བཅོས་སྒྲིག་བྱེད་དགོས་པ་དང་།    ཡུན་རིང་བཅོས་སྒྲིག་བྱེད་དགོས་པ་དུས་ཐོག་ཏུ་དུས་རིམ་རང་བཞིན་གྱི་ཕན་འབྲས་སྙན་སེང་ཞུ་དགོས། ནན་ཏན་སྒོས་ཞིང་ཨུའི་སྐོར་ཞིབ་དང་།    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ།    རྩིས་བཤེར། སྡོམ་རྩིས་སོགས་ཚུར་ལན་བསམ་ཆར་བཅོས་སྒྲིག་དོན་འཁྱོལ་དམ་འཛིན་བྱེད་དགོས་ཞེས་ནན་གྱིས་བསྟན།

    ཚོགས་འདུའི་ཐོག་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས་སུ་གནང་བའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ནས།སྐྱེ་ཁམས་སྔོན་ལ་འཇོག་པ་དང་།འབྱུང་འཕྲོད་གོང་འཕེལ་རྒྱུན་འཁྱོངས་བྱས་ཏེ།བསྒྱུར་བཅོས་ཀྱི་ཁེ་འབབ་རྒྱུན་ཆད་མེད་པར་གློད་འགྲོལ་བཏང་་བ་དང་།ནགས་ལས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྐྱེ་ཁམས་ཡུལ་སྐོར་རྒྱུན་མཐུད་དང་ཚད་ལྡན་ངང་འཕེལ་རྒྱས་བཏང་ནས། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ཡག་པོ་བྱེད་པ་དང་སྔོ་ལྗང་མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།   ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་ནས་སྤྱི་པའི་སློབ་ཚན་གྱི་སློབ་གསོ་ལ་ཤུགས་སྣོན་རྒྱག་དགོས་ཞེས་ནན་གྱིས་བསྟན།    

    ཚོགས་འདུའི་ཐོག་ཞིང་ཆེན་རིམ་པའི་འབྲེལ་ཡོད་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གྱོད་གཞི་བརྡ་ཁྱབ་བཏང་ནས་མུ་མཐུད་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ལེགས་པོ་སྤེལ་དགོས་པ་དང་།    ཐིང་རིམ་པའི་འགོ་ཁྲིད་ཀྱིས་རང་ལུས་མིག་དཔེ་སྟོན་དགོས་པལ།    རིམ་པ་ཁག་གི་“འགོ་ཁྲིད་གཙོ་བོ་”ཡིས་འགོ་ཁྲིད་དོ་དམ་ཡག་པོ་དང་རུ་ཁག་སྣེ་ཁྲིད་ཡག་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།

    ཚོགས་འདུའི་ཐོག་《སྤྱོད་གཙང་བདེ་ཆེན་འཛུགས་སྐྲུན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བའི་2025་ལོའི་གཙོ་གནད་ལས་དོན་གྱི་རྩིས་ཐོར་》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཁོངས་མིས་སྣེ་ཁྲིད་དེ་ལས་དོན་ཞིབ་འཇུག་ཇུས་འགོད་དང་གཅིག་གྱུར་འཆར་འགོད་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་ལ་དམ་འཛིན་བྱེད་དགོས།

    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་སྒྲིགས་བཤེར་ལྟ་ཞིབ་ལས་དོན་“ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན།དངོས་གཞི་ཅན་”བཅས་ཀྱི་འཛུགས་སྐྲུན་ལོ་འཁོར་གྱི་བྱ་སྤྱོད་གནས་ཚུལ་ལ་གསན་ནས།ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་དགོས་པ་དང་།གྱོད་གཞིའི་སྤུས་ཚད་དང་བདེ་འཇགས་ཀྱི་འགག་སྒོ་ནན་སྲུང་བྱ་དགོས་ཞེས་ནན་གྱིས་བསྟན་པ་རེད།

    ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།