རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཁྱིམ་ཚང་གི་ཁྱིམ་གྱི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྲོང་གསེབ་ཀྱི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཁྱིམ་བདག་ལ་ཕྲུ་གུ་འཚར་ལོངས་ཡོང་རོགས་དེ་བས་ལེགས་པ་བྱེད་ཆེད།ཟླ4པའི་ཚེས16ཉིན་གྱི་དགོང་མོར།ཁུལ་ཨུའི་དཔལ་ཡོན་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པའི་བདེ་ཆེན་ཁུལ་གྲོང་གསེབ་ཀྱི“ཁྱིམ་བདག་གི་མཚན་མོའི་སློབ་གྲྭ”ཞེས་པའི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་བྱེད་སྒོ(སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སློབ་ཚན་དང་པོ)དེ་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོའི་མཚོ་མགོ་ཡུལ་མིའི་ཚོ་ཆུང་དུ་སྤེལ་འགོ་ཚུགས་པ་རེད།བྱེད་སྒོ་དེ་སེམས་ཁམས་བདེ་ཐང་སྒྲོག་འགྲེལ་དང་། ཡུལ་རྣམ་ཟློས་གར་འཁྲབ་སྟོན། ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་འགྲེལ་བཤད་སོགས་ཀྱི་རྣམ་པ་བརྒྱུད་ནས། མང་ཚོགས་ལ་གསོན་ཉམས་ལྡན་པ་དང་གོ་ཆོད་པའི་ཁྱིམ་ཚང་སློབ་གསོའི་སློབ་ཚན་ཞིག་ཁྱེར་ཡོང་བ་རེད།
བྱེད་སྒོའི་ཐོག་བདེ་ཆེན་ཁུལ་གྱི་ནར་མ་སོན་པའི་མིའི་སེམས་ཁམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་ཟུར་ཁྲིད་ལྟེ་གནས་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སེམས་ཁམས་བློ་འདྲི་དགེ་རྒན་དབྱི་དབྱི་ཧོ་ཡིས་“ཕ་མས་ཇི་ལྟར་བཤད་ན་ཕྲུ་གུས་གཞི་ནས་ཉན་སྲིད”ཅེས་པར་དམིགས་ནས་སྒྲོག་འགྲེལ་བྱས་པ་དང་། གྱོད་དཔེ་དབྱེ་ཞིབ་དང་ཡུལ་དངོས་སུ་མཉམ་འགུལ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་ཁྱིམ་བདག་གིས་ཕྲུ་གུའི་སེམས་ཁམས་བདེ་ཐང་ལ་དོ་ཁུར་བྱེད་དགོས་པ་དང་བྱིས་པར་སྐྱོན་བྲལ་གྱི་འཚར་ལོངས་ཁོར་ཡུག་མཁོ་འདོན་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད།
བདེ་ཆེན་ཁུལ་གླུ་གར་ཚོགས་པ་དང་བདེ་ཆེན་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་དཔལ་ཡོན་ལག་ལེན་དང་བླངས་པས་ངོ་མཚར་ཆེ་བའི་སྒོ་ནས་ཡུལ་རྣམ་གྱི་ཟློས་གར་འཁྲབ་སྟོན་བྱས་ལ། དགོད་སྤྲོ་བ་དང་གསོན་ཉམས་ལྡན་པའི་ཐོག་ནས་ཁྱིམ་ཚང་སློབ་གསོའི་ཁྲོད་ཀྱི་རྒྱུན་མཐོང་གི་འགལ་བ་བསྐྱར་དུ་མངོན་པ་དང་།ཁྱིམ་བདག་གི་མཉམ་སྒྲོག་སློང་བས་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་རྒྱུན་མི་ཆད་པ་རེད།
བྱེད་སྒོའི་ཐོག་ད་དུང་བདེ་ཆེན་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་དཔལ་ཡོན་ལག་ལེན་དང་བླངས་པ་གདན་འདྲེན་ཞུས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་》ཀྱི“ཁྱིམ་ཚང་སྲུང་སྐྱོང་”གི་ལེའུ་དྲིལ་བསྒྲགས་བྱས་པ་དང་ཕ་མའི་ལྟ་སྐྱོང་འགན་འཁྲི་དང་ཁྱིམ་ཚང་གི་གཏུམ་སྤྱོད་སྔོན་འགོག་སོགས་ཐད་ཀྱི་བཅའ་ཁྲིམས་འགན་འཁྲི་ནན་བཤད་བྱས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན།བདེ་ཆེན་ཁུལ་གྲོང་གསེབ་ཀྱི་"ཁྱིམ་བདག་གི་མཚན་མོའི་སློབ་གྲྭ"ཞེས་པ་གནས་རྒྱུད་ཟུང་འབྲེལ་གྱི་རྣམ་པས་ཁུལ་ཡོངས་ཀྱི་གྲོང་རྡལ་ཁག་ལ་རིམ་བཞིན་ཁྱབ་རྒྱུ་དང་། “སྒྲོག་འགྲེལ་+མཉམ་འགུལ”གྱི་བྱེད་སྟངས་སྤྱད་དེ་དཔལ་ཡོན་ལྡན་པའི་ཁྱིམ་སྲོལ་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ཡོང་བར་རོགས་རམ་བྱ་རྒྱུ་ཡིན་པ་རེད།