རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་4ཚེས་16ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་ཞིང་ཨུས་སེམས་ཀྱི་ཉི་ཟླ་གྲོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོའི་ལས་འགན་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། ཁོང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་ལས་བདེ་ཆེན་གྱི་ལེའུ་གསར་པ་ཧུར་ཐག་འབྲི་བར་སྣེ་ཁྲིད་ཡག་པོ་དང་དཔེ་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་ལྷན་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལི་དབྱང་གིས་ཞིང་ཨུའི་ཆོད་དོན་སྒྲོག་སྦྱང་བྱས་ནས་བློ་མཐུན་ཧོང་ལུང་ཞིན་གིས་ཀྲུང་གུང་སེམས་ཀྱི་ཉི་ཟླ་གྲོང་ཨུ་ཧྲུའུ་ཅིའི་འགན་འཁུར་རྒྱུ་དང་བློ་མཐུན་དབྱང་ཙི་ཅང་གིས་ཀྲུང་གུང་སེམས་ཀྱི་ཉི་ཟླ་གྲོང་ཨུ་ཧྲུའུ་ཅིའི་གོ་གནས་མི་འཁུར་བའི་ཐག་བཅད་སྒྲོག་འདོན་གནང་།
ལུའོ་ཁྲའོ་ཧྥེང་གིས་ད་ཐེངས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོ་ལེགས་སྒྲིག་དང་འགྱུར་ལྡོག་བྱས་པ་དེ་ཐོག་ནས་ཞིང་ཨུས་སེམས་ཀྱི་ཉི་ཟླ་གྲོང་ཨུའི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་དོ་ཁུར་བྱེད་པ་གང་ལེགས་མཚོན་ཡོད། གྲོང་ཁྱེར་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་རིམ་པ་ཁག་གིས་བསམ་བློ་དང་བྱ་སྤྱོད་ཞིང་ཨུའི་ཆོད་དོན་ཐོག་གཅིག་གྱུར་བྱས་ཏེ་བློ་མཐུན་ཧོང་ལུང་ཞིན་ནི་“འཛིན་དཔོན་”ཡིན་པའི་གྲོང་ཨུའི་ཚན་པའི་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ལས་དོན་རྒྱུན་ཆད་མེད་པར་དང་། དཔུང་ཁག་མི་ཐོར་བ། སྒྲིག་ལམ་ཟང་ཟིང་མི་ཡོང་བ་བཅས་འགན་ལེན་བྱས་ཏེ་ནུས་ཤུགས་ཡོད་རྒྱུས་ལས་དོན་ཁག་གི་རྣམ་པ་གསར་པ་གཏོད་དགོས་ཞེས་བསྟན་ཡོད།
ཧོང་ལུང་ཞིན་གྱིས་རྣམ་འགྱུར་གཏམ་བཤད་གནང་སྐབས་ཞིང་ཨུ་དང་ཁུལ་ཨུའི་ཆོད་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ཏེ་ཁུལ་ཨུའི་འགོ་ཁྲིད་ནུས་ལྡན་འོག་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་ཏུ་བཏང་ནས་ལས་འགན་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ་དང་། རྒྱུན་འཁྱོངས་མཐའ་གཅིག་གིས་དམངས་འཚོའི་བདེ་སྐྱིད་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དངོས་སྒྲུབ་འགན་འཁུར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རང་བདག་གིས་དཔེ་སྟོན་བྱས་ནས་སྲིད་བརྩོན་སྲིད་གཙང་གི་མིག་དཔེ་ཡག་པོ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་བྱ་གཞག་ཁག་ཁྱོན་ཡོངས་ནས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་བས་ཚན་ཁག་གི་ཚབ་ཞུས་ནས་རྣམ་འགྱུར་གཏམ་བཤད་གནང་བ་རེད།