བདེ་ཆེན་ཁུལ་དང་ཧྭ་ནུས་འབྲི་ཆུ་ཆུ་གློག་ཀུང་སིས་གྲོས་མོལ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  ཟླ་4ཚེས་18ཉིན་བདེ་ཆེན་ཁུལ་དང་ཧྭ་ནུས་འབྲི་ཆུ་ཆུ་གློག་མ་རྐང་ཚད་ཡོད་ཀུང་སི་གཉིས་ཀྱིས་བཞུགས་མོལ་བྱས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་། ཧྭ་ནུས་འབྲི་ཆུ་ཆུ་གློག་མ་རྐང་ཚད་ཡོད་ཀུང་སིའི་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་སུན་ཝེ། ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་འགོ་གཙོ་གཞོན་པ་ལི་ཅན་ཕིང་བཅས་གྲོས་བསྡུར་ནང་ཞུགས་པ་རེད།   

ཚོགས་འདུའི་ཐོག་ཕྱོགས་གཉིས་པོས་འབྲེལ་ཡོད་མཉམ་ལས་རྣམ་གྲངས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད།

    ལུའོ་ཁྲའོ་ཧྥེང་གིས་ཧྭ་ནུས་འབྲི་ཆུ་ཆུ་གློག་མ་རྐང་ཚད་ཡོད་ཀུང་སིས་དུས་ཡུན་རིང་པོའི་ནང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས།ལྷག་པར་དུ་གནོད་མེད་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།ཁོང་གིས་ཀུང་སིས་བདེ་ཆེན་གྱི་ཆུ་གློག་དང་ནུས་རྒྱུ་གསར་པའི་ཐོན་ཁུངས་གསར་སྤེལ་ཐད་མུ་མཐུད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བདེ་ཆེན་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྣོན་རྒྱུའི་རེ་བ་ཡོད།མིག་སྔའི་མཉམ་ལས་རྣམ་གྲངས་ཐད་ལུའོ་ཁྲའོ་ཧྥེང་གིས་ཕྱོགས་གཉིས་པོས་བསམ་བློ་གཅིག་གྱུར་དང་། ཐུན་མོང་ངོས་འཛིན་གྲུབ་པ། གཞོགས་འདེགས་དམ་ཟབ་བྱེད་པ། འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀུའུ་ཧྲུའེ་ཆུ་ཤུགས་གློག་ཁང་སྔ་ཙམ་ཞིབ་མཆན་དང་། ལས་འགོ་འཛུགས་པ། འཛུགས་སྐྲུན་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ཐུའོ་པ་ཆུ་ཤུགས་གློག་ཁང་གི་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས།བདེ་ཆེན་ཁུལ་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཧུར་ཐག་དང་རང་འགུལ་ངང་གཞོགས་འདེགས་བྱས་ཏེ་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ལས་རྣམ་གྲངས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན་ཡོད།

    སུན་ཝེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།ཁོང་གིས་ཕྱོགས་གཉིས་པོས་འབྲེལ་གཏུག་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་དང་མཉམ་ལས་དམ་ཟབ་བྱས་ཏེ་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།ཀུང་སིས་བདེ་ཆེན་ཁུལ་གྱི་གནོད་མེད་ནུས་རྒྱུ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་གཏིང་ཟབ་ཏུ་འདྲེས་ནས་འགན་འཁུར་ཚད་མཐོའི་རྣམ་འགྱུར་ཐོག་ནས་འབྲེལ་ཡོད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དེ་བས་སྲ་བརྟན་དང་ནུས་ལྡན་གྱི་བྱེད་ཐབས་ཐོག་ནས་ཆུ་གློག་དང་ནུས་རྒྱུ་གསར་པ་གསར་སྤེལ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དང་དེ་བས་ཆེ་བ་འབུལ་གང་ཐུབ་བྱེད་ཀྱི་ཡིན་ཞེས་བསྟན།

    རང་ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་དབྱང་ཞུའེ་ཝུན། ཧྭ་ནུས་འབྲི་ཆུ་ཆུ་གློག་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུའི་ཨུ་ཡོན་དང་།འགོ་གཙོ་གཞོན་པའམ་སྤྱི་ཁྱབ་བཟོ་སྐྲུན་པ་ཀྲོའུ་ཧྭ།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་གྲོས་བསྡུར་ནང་ཞུགས་ཡོད།